ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇར་མན་གྱི་སྲིད་འཛིན་ཧྲི་ཐའེ་དབྱིན་མའེ་ཨེར་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་མཛའ་མཐུན་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འཇར་མན་གྱི་སྲིད་འཛིན་ཧྲི་ཐའེ་དབྱིན་མའེ་ཨེར་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་མཛའ་མཐུན་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་འདས་པའི་ལོ་ངོ50ཡི་རིང་། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུན་བྱ་རྒྱུར་སྐུལ་སྤེལ་བཏང་ནས། འབད་བརྩོན་སྒོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་འགྲོ་བར་བྱས་རྗེས་བཞག་སྟེ། ལག་གདང་མཉམ་འབྲེལ་དང་ཕན་ཚུན་ལ་གྲུབ་འབྲས་ཐོབ་པའི་ལེའུ་བརྩམས། ངས་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་པ་དང་། སྲིད་འཛིན་ཧྲི་ཐའེ་དབྱིན་མའེ་ཨེར་གྱིས་ཀྱང་གཅིག་གྱུར་སྒོས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་བཙུགས་ནས་ལོ་ངོ50འཁོར་བར་དམིགས་ནས། མུ་མཐུད་དུ་ཕྱོགས་ཡོངས་ནས་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཛའ་གྲོགས་ཀྱི་འབྲེལ་བ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན། 

ཧྲི་ཐའེ་དབྱིན་མའེ་ཨེར་གྱིས་ལོ་ངོ50ཡི་རིང་། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་ཁྱབ་ཁོངས་མང་པོའི་ཕྱོགས་ནས་གཏིང་ཟབ་སྒོས་འཕེལ་རྒྱས་སུ་ཕྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་གོང་འཕེལ་དུ་སོང་ཡོད། ཀྲུང་གོ་ནི་འཇར་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པས། འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་དེ་རྒྱུན་མཐུན་ངང་དབྱར་མཚོ་རྒྱས་པ་ལྟར་འཕེརལ་རྒྱས་སུ་འགྲོ་བའི་སྨོན་འདུན་ཞུ་ཞེས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།