ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི“ཏང་གི་འཐུས་མིའི་བགྲོད་ལམ”བཅར་འདྲི་བྱ་འགུལ་ནང་ཐོ་འགོད་བྱེད་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པའི་སྔ་གཞུག་ཏུ། གསར་འགྱུར་ལྟེ་གནས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར“ཏང་གི་འཐུས་མིའི་བགྲོད་ལམ”འཛུགས་རྒྱུ་ཡིན་པ་དང་། ཚོགས་ཆེན་གྱི་མགོ་རྩོམ་ཚོགས་འདུའི་ཉིན་གྱི་སྔ་དྲོའི་ཆུ་ཚོད7:30-8:30དང་ཚོགས་ཆེན་གྱི་མཇུག་སྒྲིལ་ཚོགས་འདུ་ཚར་རྗེས་ཀྱི་སྐར་མ30རྗེས་སུ། ཡུལ་དངོས་སུ་ཚོགས་ཆེན་གྱི་འཐུས་མིར་བཅར་འདྲི་བྱེད་པའི་བྱ་འགུལ་ཐེངས་རེ་རྩ་འཛུགས་བྱ་རྒྱུ་ཡིན། “ཏང་གི་འཐུས་མིའི་བགྲོད་ལམ”བཅར་འདྲི་བྱ་འགུལ་ནང་ཞུགས་པའི་ཏང་གི་འཐུས་མི་དག་ནི་ཏང་གི་འཛུགས་སྐྲུན་དང་གལ་ཆེའི་གྲུབ་འབྲས། རྩེར་སོན་ཚན་རྩལ། དབུལ་ཐར་མཁྲེགས་གཏོར། གྲོང་གསེབ་དར་སྤེལ། འབྲུ་རིགས་བདེ་འཇགས། སློབ་གསོ་སྨན་བཅོས། སྐྱེ་ཁམས་དཔལ་ཡོན། རྒྱལ་ཁབ་ཆེན་མོའི་ལག་ཤེས་པ། རིག་གནས་ལུས་རྩལ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད། བཅར་འདྲིའི་མི་གྲངས་ལ་ཚད་བཀག་ཡོད་པས། སྨྱན་བྱད་ལས་ཁུངས་སོ་སོའི་ཐོ་འགོད་མི་གྲངས་ལ་རྩ་དོན་སྟེང་མི3ལས་བརྒལ་མི་ཆོག་པ་མ་ཟད། བཅར་འདྲིའི་དྲི་བ1ནས2འདོན་སྤྲོད་བྱེད་དགོས། ཟླ10པའི་ཚེས12ཉིན་གྱི་ཆུ་ཚོད12པར་ཐོ་འགོད་མཚམས་འཇོག་རྒྱུ་ཡིན། བཅར་འདྲི་བྱ་འགུལ་ལ་ཞུགས་པའི་སྨྱན་བྱད་གསར་འགོད་པ་དག་ཚོགས་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་འབྲེལ་ཡོད་ཀྱི་བླང་བྱ་དང་མཐུན་དགོས།

རྒྱལ་ནང་གི་གསར་འགོད་པ་སྣེ་ལེན་ཚན་ཆུང་།

ཁ་པར། 68356200དང68356300།

བརྙན་སྐྱེལ། 68356700དང68356800།

ཐོ་འགོད་བྱེད་ཐབས། ཐོ་འགོད་རེའུ་མིག

ཀང་ཨའོ་ཐའེ་གསར་འགོད་པ་སྣེ་ལེན་ཚན་ཆུང་། 

ཁ་པར། 68350700དང68350800།

བརྙན་སྐྱེལ། 68350900དང68351900།

 ཐོ་འགོད་བྱེད་ཐབས། ཐོ་འགོད་རེའུ་མིག

 ཕྱི་རྒྱལ་གྱི་གསར་འགོད་པ་སྣེ་ལེན་ཚན་ཆུང་།

ཁ་པར། 68350100དང68350200།

 ཐོ་འགོད་བྱེད་ཐབས། ཐོ་འགོད་རེའུ་མིག ཡིག་སྒམwgjzzc2022@163.comནང་བསྐུར་དགོས།

ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས། 

2022ལོའི་ཟླ10པའི་ཚེས11ཉིན།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།