ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་བའི་རི་མོ་བྲིས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་མཛེས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པས“བོད་ལྗོངས་ཀྱི་ཅང་ནན”ཞེས་བསྟོད་ཀྱིན་ཡོད། གྲོང་ཁྱེར་ལྟེ་བ་ནས་ཐོན་ཏེ་རྒྱལ་ལམ318བརྒྱུད་ནས་ཤར་ལྷོའི་ཕྱོགས་སུ་སྐར་མ་བཅུ་གྲངས་ལྷག་བསྐྱོད་ན། གཞི་ནས་ཀ་ལ་གྲོང་ཚོ་སྟེ་བོད་ཀྱི“ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོར”སླེབས་ཐུབ། 

འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་ལྗོངས་རེད། (2022ལོའི་ཟླ5པའི་ཚེས30ཉིན་མི་མེད་གནམ་གྲུས་པས་བརྒྱབ)   

གྲོང་ཚོའི་འདབས་ཀྱི་ལམ་འགྲམ་དུ“རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་ཡིག་འབྲུ་དམར་པོ་མིག་ལ་མཚེར། དེ་ནས་གྲོང་ཚོའི་ནང་དུ་སོང་ན་ལམ་ཁོད་སྙོམས་ལ་གྲལ་དག་ཅིང་། ག་ས་གང་དུ་མེ་ཏོག་དམར་པོ་དག་ལོ་འདབ་ལྗང་ཁུས་བཏེགས་ཡོད། དགུང་སྔོན་སྤྲིན་དཀར་གྱི་འོག་ཏུ་བོད་ལུགས་སྡོད་ཁང་སྟར་མ་མང་པོ་རི་ཚོགས་ཁྲོད་དུ་ཆགས་ཤིང་། རི་བོའི་ལྗོངས་སུ་ཁེངས་བའི་རི་སྐྱེས་ཁམ་བུའི་ནགས་ཚལ་གྱིས་མིའི་སེམས་ལ་བདེ་སྣང་ཚད་མེད་སྤྱིན་ཡོང་། 

“ང་ཚོའི་གྲོང་ཚོའི་ཉེ་འཁོར་གྱི་རི་སྐྱེས་ཁམ་བུའི་ནགས་ཚལ་མུའུ་བརྒྱ་ཕྲག་ཁ་ཤས་ཡོད་པ་དང་ཤིང་གི་ལོ་ཚད་རིང་ཤོས་ལ་ལོ600ལྷག་ཡོད། ལོ་རེའི་ཟླ3པ་དང་ཟླ4པར་ཁམ་བུའི་མེ་ཏོག་བཞད་ལ་ཡུལ་ལྗོངས་ཧ་ཅང་ཡག་པོ་འདུག”ཅེས་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་བཤད། དེ་སྔོན་མཛེས་སྡུག་ལྡན་པའི་ཁམ་བུའི་མེ་ཏོག་གིས་ས་གནས་ཀྱི་མི་རྣམས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཀྱིན་མེད། སྐབས་དེར་གྲོང་མི་ཚོས་ཁམ་བུའི་ནགས་ཚལ་བཅད་ནས་བུད་ཤིང་བྱེད་ཅིང་། མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་ཕྱུག་འགྱུར་གྱི་མདུན་ལམ་དག་ཐབ་ཁང་གི་ཐལ་བར་གྱུར་ཡོད།  

འདི་ནི་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་ཁམ་བུའི་མེ་ཏོག་ལ་བལྟ་བའི་ཚུལ་རེད། (2021ལོའི་ཟླ3པའི་ཚེས27ཉིན་གྱི་པར།)  

 བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དམིགས་བསལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། ཧུར་ཐག་སྒོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས།”  2021ལོའི་ཟླ7པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་ས་གནས་འཕེལ་རྒྱས་ཀྱི་བགྲོད་ལམ་གསལ་སྟོན་གནང་བ་རེད། 

འཕེལ་རྒྱས་ཀྱི་བསམ་ཕྱོགས་བརྗེས་པའི་ཀ་ལ་གྲོང་ཚོར་རྣམ་པ་གསར་པ་ཞིག་བརྗེས་ཡོད། ལོ་གཅིག་དུས་གཅིག་གི“ཁམ་བུའི་མེ་ཏོག་དུས་ཆེན”གྱིས་གྲོང་ཚོར་སྐད་གྲགས་ཆོད་ཅིང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་གིན་ཡོད། 

འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་བླངས་པའི་དཔྱིད་ཀྱི་མཛེས་ལྗོངས་རེད། (2022ལོའི་ཟླ3པའི་ཚེས28ཉིན་གྱི་པར།) 

“རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ན་ཡང་།  ད་ལོའི‘ཁམ་བུའི་མེ་ཏོག་དུས་ཆེན’སྐབས་སུ་ཡུལ་སྐོར་བའི་རླངས་འཁོར་མང་པོ་གྲོང་ཚོའི་འདབས་སུ་ཐོན་ཞིང་། ཡུལ་སྐོར་བ་ཚོས་ཁམ་བུའི་མེ་ཏོག་ཁྲོད་དུ་གང་དགར་བརྙན་པར་བླངས་ཤིང་། གྲོང་ཚོའི་ནང་དུ་ཉོ་ཚོང་དང་བཟའ་འཐུང་བྱེད་དུ་ཡོང་བས། གྲོང་ཚོ་ཡོངས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད།” གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྤེན་པས་དེ་ལྟར་བཤད། “ད་ལོའི‘ཁམ་བུའི་མེ་ཏོག་དུས་ཆེན’རིང་། ཀ་ལ་གྲོང་ཚོས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཁྲི3ལྷག་ལ་སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི100ལྷག་བྱུང་བ་དང་། གྲོང་མི་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི3ལྷག་རག་གིན་ཡོད”ཅེས་བཤད། 

སྟོན་དུས་དང་དགུན་དུས་ནི་གྲོང་ཚོའི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཡིན་ཞིང་། གྲོང་མི་ཚེ་དབྱངས་ཀྱིས་རང་ཁྱིམ་གྱི་སྡོད་ཁང་བསྐྲུན་པར་གྲ་སྒྲིག་བྱེད་བཞིན་ཡོད།  “གྲོང་ཚོའི་ནང་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག ངས་དུས་ཚོད་དམ་འཛིན་བྱས་ནས་རང་ཁྱིམ་གྱི་ཁྱིམ་སྡོད་མགྲོན་ཁང་འཛུགས་དགོས”ཞེས་ཚེ་དབྱངས་ཀྱིས་འཛུམ་མུལ་མུལ་གྱིས་བཤད། མོས་རང་ཁྱིམ་གྱི་ཁང་པ་གྱན16པོར་ཆུ་བསྲོ་ཆས་དང་བརྙན་འཕྲིན་སོགས་སྒྲིག་ཆས་བསྒྲིགས་ནས། སང་ལོའི“ཁམ་བུའི་མེ་ཏོག་དུས་ཆེན”ལ་སྒོ་ཕྱེས་ནས་སྐུ་མགྲོན་བསུ་བར་སྒུག་ཡོད། “སང་ལོའི་ཡུལ་སྐོར་བ་སྔར་བས་མང་པོ་ཡོང་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད”ཅེས་བཤད།

ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་(གཡོན་གྱི་དང་པོ)ཁྱིམ་ཚང་གང་བོས་རང་ཁྱིམ་གྱི་སྒོ་འགྲམ་དུ་མཉམ་པར་བླངས། (2012ལོའི་ཟླ2པའི་ཚེས23ཉིན་གྱི་པར།) 

རྡོ་ནག་གཞུང་ལམ་བརྒྱུད་ཅུང་ཙམ་ལ་སོང་ཚེ་གྲོང་ཚོ་ལྟེ་བར་གནས་པའི་མཐུན་སྒྲིལ་ཐང་ཆེན་དུ་སླེབས་ལ། གསར་བརྗེའི་ཞིབ་སློབ་བརྗོད་དོན་གྱི་སློབ་གསོའི་འགྲེམས་སྟོན་ཁང་ཞིག་ཡོད་པ་དེས་མི་རྣམས་ཀྱི་སེམས་ཀྱི་དང་བ་འདྲེན་གྱིན་ཡོད། 

ད་ལོའི་ཟླ་གསུམ་པར་གསར་དུ་བསྐྲུན་པའི་འགྲེམས་སྟོན་ཁང་དེས“མཐུན་སྒྲིལ་ལ་བསྟོད་པ”བརྗོད་དོན་གཙོ་བོར་བྱས་ཤིང་། འགྲེམས་སྟོན་ཁང་དུ་པར་རིས་རྙིང་པ་དང་ཚགས་པར་རྙིང་པ། དངོས་པོ་རྙིང་པ། གློག་རྡུལ་ལངས་གཟུགས་བྱེ་གཞོང་སོགས་འགྲེམས་སྟོན་བྱས་ཏེ། ལྟད་མོ་བ་ཚོར་ཀ་ལ་གྲོང་ཚོའི་མཛེས་འགྱུར་ཕྱུག་འགྱུར་གྱི་ལོ་རྒྱུས་གསོན་ཉམས་དོད་པའི་ངང་གླེང་བཞིན་ཡོད། 

འགྲེམས་སྒམ་ནང་གི་དུང་ཆེན་ཞིག་གིས་མིག་དབང་འཕྲོག་ཡོད། འགྲེལ་བཤད་པ་སྟེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཧོང་ཧེ་ཧྥུན་གྱིས་ངོ་སྤྲོད་བྱས་པར། དུང་ཆེན་དེ་ནི་དེ་སྔ་གྲོང་ཚོའི་ནང་གི་སྤྱི་པའི་འཕྲིན་གཏོང་ཡོ་བྱད་གཅིག་པུ་དེ་རེད། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར། གྲོང་ཚོས་ལས་བྱེད་པ་བསྡུ་བ་དང་མང་ཚོགས་ལ་བརྡ་གཏོང་དུས་དུང་ཆེན་དེ་ཁོ་ནར་བརྟེན་དགོས། ད་ལྟ་གྲོང་ཚོར“ལྗང་མདོག་དངུལ་ཁང”དང་ཡུལ་སྐོར་གྱི་ཁེ་འབབ་བགོ་བ་སོགས་ཀྱི་རྣམ་གྲངས་ཡོད་པས། ཡོང་འབབ་འཕར་ལམ་མང་བ་དང་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མ་ཟད། སྔ་མོ་ནས་དེང་རབས་ཅན་གྱི་འཕྲིན་གཏོང་ཡོ་བྱད་སྣ་ཚོགས་སྤྱོད་ཀྱིན་ཡོད། 

འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཙོད་ཁྱུ་རེད། (2022ལོའི་ཟླ7པའི་ཚེས11ཉིན་གྱི་པར།) 

“ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་ཉེར་ཡོད་པས། ཚང་མས་འགྲེམས་ཁང་གི་དངོས་པོ་རྙིང་པར་བལྟས་ནས་དེང་བལྟས་སྔ་དྲན་བྱས་ཤིང་། ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ལྡན་པའི་ལམ་བུར་བསྐྱོད་ཐུབ་པའི་གནས་ལུགས་སྔར་བས་གསལ་པོར་ཤེས་ཀྱིན་ཡོད་པས། འབྱུང་འགྱུར་གྱི་ངར་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་ཧོང་ཧེ་ཧྥུན་གྱིས་བཤད།  

འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཙོད་རེད། (2022ལོའི་ཟླ7པའི་ཚེས11ཉིན་གྱི་པར།) 

གྲོང་ཚོའི་ཕྱི་རུ་སྐྱོད་སྐབས། ཤར་ཕྱོགས་ཀྱི་ཐག་མི་རིང་བའི་ཞིང་ཁ་ཞིག་ཏུ་གྲོང་མི་ཚོས་ཞིང་ལ་ལུད་རྒྱག་བཞིན་འདུག ཞིང་དེ་ནི་བཏབས་མ་མ་ཐག་པའི་པད་ཁའི་མེ་ཏོག་གི་ཞིང་ཡིན་ལ། ཞིང་སྨྱུག་མི་ཉུང་བ་ས་ཁར་འབུས་ཡོད།  

འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་པས་རྒྱང་ཤེལ་སྤྱད་དེ་རི་སྐྱེས་སྲོག་ཆགས་ལ་བལྟ་བཞིན་པའི་ཚུལ་རེད།(2018ལོའི་ཟླ8པའི་ཚེས་4ཉིན་གྱི་པར།) 

“རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། མེས་པོས་བཞག་པའི་སྐྱེ་ཁམས་རྒྱུ་ནོར་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། ཁམ་བུའི་མེ་ཏོག་ཡུལ་སྐོར་གྱི‘གསེར་བྱང’དེ་གསལ་པོར་ཕྱིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས” ཞེས་སྤེན་པས་བློ་སྤོབས་ཆེན་པོས་དེ་ལྟར་བཤད། 

བོད་ལྗོངས་ལྷོ་རྒྱུད་ཀྱི་གྲོག་རོང་ནས་ལེ་བར་སྟོང་གི་བར་ཐག་ཡོད་པའི་བྱང་ཐང་བར། གངས་ལྗོངས་མཐོ་སྒང་དུ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་ཚོན་རིས་ཤིག་འབྲི་བཞིན་ཡོད་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད། 

འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་པར་བླངས་པའི་འཇའ་ཚོན་འོག་གི་རྐྱང་རེད། 2021ལོའི་ཟླ9པའི་ཚེས22ཉིན་གྱི་པར།) 

ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་རྩྭ་ཐང་དུ། གཙོད་ཁྱུ་ཞིག་གིས་སྐབས་འགར་དལ་བར་རྒྱུ་ནས་གཟན་རྩྭ་ཟ་བ་དང་། སྐབས་འགར་གྲལ་བསྒྲིགས་ནས་མདུན་དུ་བསྐྱོད་ཀྱིན་ཡོད། མི་འགྱང་བར་གཙོད་ཁྱུ་དེ་རི་ཟུར་ནས་བརྒལ་ཏེ་མིག་ལམ་དུ་མཐོང་རྒྱུ་མེད་པར་གྱུར། 

“མདུན་ཕྱོགས་སུ་གཙོད་ཁྱུ་གཞན་ཞིག་ཡོད། ཁོང་ཚོར་དཀྲོག་མ་སློང་” བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སྐྱིད་སྦུག་དོ་དམ་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་པ་ཚེ་རིང་བསྟན་འཛིན་དང་རོགས་པ་ཚོས་སྦག་སྦག་མོ་ཏྲ་བཞོན་ནས་སྐོར་ཞིབ་བྱེད་བཞིན་ཡོད་པ་དང་། ཁོང་ཚོ་མོ་ཏྲ་ནས་བབས་ཏེ་གཙོད་ཁྱུ་ཐོན་པའི་དུས་ཚོད་དང་ས་གནས་སོགས་ཀྱི་གནས་ཚུལ་ཟིན་ཐོར་འགོད་བཞིན་ཡོད། 

འདི་ནི་ཡར་ཀླུང་གཙང་པོའི་ལྷོ་ལམ་གཡས་གཡོན་གྱི་ལྗང་མདོག་ལམ་གཞུང་རེད། (2021ལོའི་ཟླ7པའི་ཚེས20ཉིན་མི་མེད་གནམ་གྲུའི་པར་བརྒྱབ།) 

“གཙོད་ཁྱུའི་ཁྱིམ་རྒྱུད་ཟམ་མི་ཆད་པར་རྒྱ་ཆེར་སོང་བ་དང་རྐྱང་ཚོགས་ཀྱིས་རྩེད་འཇོར་རོལ་བཞིན་ག་སར་རྒྱུག་པ་མཐོང་དུས། འབད་བརྩོན་དང་དཀའ་ཁག་ཡོད་ཚད་ལ་རིན་ཐང་ཡོད་པ་ཚོར་ཡོང་།  ང་ཚོས་ནུས་ཤུགས་ཡོད་རྒུས་དག་ཞིང་འདིར་སྲུང་སྐྱོབ་ཡག་པོ་བྱས་ནས། མེས་རྒྱལ་གྱི་གངས་ལྗོངས་མཐོ་སྒང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན” ཞེས་ཚེ་རིང་བསྟན་འཛིན་གྱིས་དེ་ལྟར་བཤད། 

བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། སྐྱེ་ཁམས་དམིགས་བསལ་དང་སྲུང་སྐྱོབ་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ས་གནས་དེ་གར་རིམ་པ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ47བཙུགས་ཤིང་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོབ་ཁུལ་སྣ་ཚོགས22བསྐྲུན་ནས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི41.22ལ་སླེབས་ཡོད།  མིག་སྔར་བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྲིད་སྟོན་དུ་བྱས་ནས། རིག་གནས་ཡུལ་སྐོར་དང་དྭངས་གཙང་ནུས་རྒྱུ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། མཐོ་སྒང་སྐྱེ་དངོས། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས། གྲངས་གཞི་གསར་པ་བཅས་ཐོན་ལས་ཆེ་གྲས་བདུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།