ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འབྲུ་རིགས་བདེ་འཇགས་འཐབ་ཇུས་དང་གྲོང་གསེབ་དར་སྤེལ་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། འབྲུ་རིགས་བདེ་འཇགས་དྲིལ་སྒྲོག་སློབ་གསོའི་ཡུན་ཕན་ལམ་ལུགས་འཐུས་ཚང་དུ་གཏོང་ཆེད། 2022ལོའི་འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་དེ་ཟླ10བའི་ཚེས10ཉིན་དྲ་ཐོག་ནས་དངོས་སུ་སྤེལ་མགོ་བརྩམས། འཛམ་གླིང་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་དེ་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་ཉར་ཅུའུ། ཞིང་ལས་ཞིང་སྡེ་པུའུ། སློབ་གསོ་པུའུ། ཚན་རྩལ་པུའུ། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།