ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་ཆར་རང་རྒྱལ་གྱིས་ད་ལོའི་ཁག་ལྔ་པའི་ཀྲུང་དབྱང་གི་གྲབས་གསོག་ཕག་ཤ་འགྲེམ་གཏོང་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས9ཉིན་གསར་འགོད་པས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་དུས་ཕག་ཤའི་རིན་གོང་རྒྱུན་མཐུད་ངང་ཇེ་མཐོར་སོང་ནས། ལོ་རྒྱུས་ཐོག་ཅུང་མཐོ་བའི་ཆུ་ཚད་དུ་སླེབས་ཡོད། ཕག་ཤའི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་འཇགས་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་ཆེད། ཉེ་ཆར་རང་རྒྱལ་གྱིས་ད་ལོའི་ཁག་ལྔ་བའི་ཀྲུང་དབྱང་གི་གྲབས་གསོག་ཕག་ཤ་འགྲེམ་གཏོང་བྱ་རྒྱུ་རེད། 

རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས། རྗེས་མར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཕག་ཤའི་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་གི་དུས་བབ་ལ་དོ་ཁུར་ཟབ་མོ་བྱས་ཏེ། ཀྲུང་དབྱང་གིས་མུ་མཐུད་དུ་ཕག་ཤ་མཁོ་སྤྲོད་བྱ་རྒྱུ་དང་དགོས་ངེས་ཡོད་དུས་མཁོ་སྤྲོད་བྱེད་ཚད་སྔར་ལས་ཆེ་རུ་བཏང་སྟེ། ས་གནས་སོ་སོར་སྲིད་གཞུང་གི་གྲབས་གསོག་ཕག་ཤ་འགྲེམ་གཏོང་བྱེད་པར་ཁྲིད་སྟོན་བྱ་རྒྱུ་ཡིན་ཟེར། མིག་སྔར། རྒྱལ་ནང་གི་ཕག་ཤའི་ཐོན་ནུས་སྤྱིའི་ཆ་ནས་ལུགས་མཐུན་ཡིན་ཞིང་། ཕག་མ་དང་ཕག་ཕྲུག གསོ་ཕག་བཅས་ཀྱི་གྲངས་འབོར་བསྟུད་མར་ཟླ་མང་རིང་ཡར་འཕར་བཞིན་ཡོད་པས། རྗེས་ཕྱོགས་ཕག་ཤའི་རིན་གོང་རྒྱུན་མཐུད་ངང་ཡར་འཕར་བའི་གནས་ཚུལ་ཕལ་ཆེར་འབྱུང་མི་སྲིད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།