ཀྲུང་གོ་བོད་ཀྱི་དྲ་བ།

འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་ཡོང་བ་མངོན་འགྱུར་བྱེད།

ཡོང་ཁུངས། : ཀྲུང་གོ་གསར་འགྱུར་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་བའི་རྨང་གཞི་དང་། བདེ་འཇགས་ཡོང་བའི་གནད་འགག་ཡིན་ཞེས་བསྟན། འདས་པའི་ལོ་བཅུའི་རིང་། རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་དེ་གྲངས་འབོར་གྱི་རིམ་གསོག་ནས་ངོ་བོའི་འགྱུར་ལྡོག་གི་ཕྱོགས་སུ་མཆོང་སྐྱོད་བྱུང་བ་དང་། ཚེག་གཅིག་གི་འགག་སྒྲོལ་ནས་མ་ལག་གི་ནུས་པ་གོང་འཕེལ་ལ་བར་བརྒལ་བྱུང་སྟེ། ཚན་རྩལ་གསར་གཏོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ། 

ད་ལོའི་ཟླ8པར། ཅང་སུའུ་ནན་ཅིང་དུ་གནས་པའི་ཙེ་ཅིན་ཧྲན་ཚོད་ལྟ་ཁང་གིས་འཛམ་གླིང་གི6GTKμའབྲེལ་མཐུད་སྐུད་མེད་བརྒྱུད་གཏོང་ཚོད་ལྟའི་སྟེགས་བུV1.0ཐོག་མ་ཁྱབ་བསྒྲགས་བྱས། ཙེ་ཅིན་ཧྲན་ཚོད་ལྟ་ཁང་གི་ཀྲུའུ་རེན་གཞོན་པ་དང་དབུ་བཞུགས་ཚན་རིག་པ་ཡིའུ་ཤའོ་ཧུའུ་ཡིས། འདིས་མ་འོངས་པར6Gསྐུད་མེད་བརྒྱུད་གཏོང་གི་ནུས་པ་ཆེ་རུ་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་ཅེས་བཤད།

རྨང་གཞིའི་ཞིབ་འཇུག་ནི་ཚན་རྩལ་གསར་གཏོད་ཀྱི་འབྱུང་རྩ་ཡིན། ལོ་བཅུའི་རིང་། རྨང་གཞིའི་ཞིབ་འཇུག་གི་མ་ལག་དང་མཐོ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་བརྒྱུད། རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་དང་བྱེད་ཐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང་། རྒྱུན་སྲིང་ལྷོད་མེད་ངང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། རང་རྒྱལ་ལ་ནཱ་སྨི་ཚོད་འཛིན་ས་ཁོངས་ཀྱི་འགྱུར་སྐུལ་དང་། དབྱང་གཉིས་ཐཱན་རྫས་མིས་བཟོས་མཉམ་བསྲེས་སིང་ཕྱེ། ཚད་རྡུལ་རྩིས་རྒྱག་འཕྲུལ་འཁོར་མ་དཔེ་སོགས་ཆུ་ཚད་མཐོ་བའི་གསར་གཏོད་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རང་རྒྱལ་གྱི་ནཱ་སྨི་རྒྱུ་ཆ་དང་ཕྲ་ཕུང་རྒྱུ་སོགས་གལ་ཆེའི་ཚན་རྩལ་ཕྱོགས་སུ་འཛམ་གླིང་གི་གྲལ་རིམ་དང་པོར་བསྐྱོད་པར་སྣེ་ཁྲིད་བྱས།

ཉེ་སྔོན། རྒྱལ་ཁབ་ཀྱི་བརྟན་རྣམ་སྡུད་ར་དྲག་པོའི་ཚོད་ལྟའི་སྒྲིག་ཆས་ཀྱིས་ཀའོ་སི་ཁྲི45.22ཀྱི་བརྟན་རྣམ་སྡུད་ར་དྲག་པོ་བསྐྲུན་ནས། ལོ23རིང་རྒྱུན་སྲིང་བའི་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ཡོད། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། ཀྲུང་གོ་ཚན་རིག་ཁང་ཧོ་ཧྥེ་དངོས་རྫས་ཚན་རིག་ཞིབ་འཇུག་ཁང་གི་སྡུད་ར་དྲག་པོའི་ཚན་རིག་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་པ་ཀྲང་ཡུས་ཧེང་གིས། འདི་ནི་ཚན་རིག་གལ་ཆེན་གསར་རྟོགས་ལ་སྐུལ་འདེད་གཏོང་བའི“མཚོན་ཆ་རྣོ་ངར་ཅན”ཞིག་ཡིན། ང་ཚོའི་སྡུད་ར་དྲག་པོས་གློག་རྡུལ་ལ་ཞིབ་འཇུག་དང་གློག་རྡུལ་རྒྱུ་ཆའི་ཁྲོད་དུ་ཇི་ལྟར་རྒྱུ་བའི་ཐད་ཞིབ་འཇུག་བྱེད་པ་ཡིན། དེ་བས་ང་ཚོས་རྒྱལ་ཁབ་ཀྱི་མཁོ་གལ་ཆེ་བའི་འགག་རྩའི་གནད་དོན་དང་ཐག་གཅོད་མི་ཐུབ་པའི་གནད་དོན་འགའ་ཐག་གཅོད་བྱེད་སྐབས། ང་ཚོས་ལག་རྩལ་ཐད་ཀྱི་འགག་རྩའི་གནད་དོན་ཐག་གཅོད་བྱ་དགོས་ཞེས་བཤད།

ཆེ་ས་ནས་འཇིག་རྟེན་དང་ཆུང་ས་ནས་ཕྲ་མཐོང་རིལ་རྡུལ་བར། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དག་རང་རྒྱལ་གྱི་ཁྱབ་ཁོངས་མང་པོའི་འགག་རྩའི་ལྟེ་བའི་ལག་རྩལ་ཐད་རང་བདག་ཚོད་འཛིན་བྱེད་ཐུབ་པའི་ཡིད་ཆེས་ཆེན་པོར་གྱུར་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གསར་གཏོད་དང་ལག་རྩལ་མཐོ་བའི་འཕེལ་རྒྱས་སིའི་གསར་གཏོད་ནུས་པ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀའོ་ཧོ་ཡིས་ངོ་སྤྲོད་བྱས་པར། ལོ་བཅུའི་རིང་། “ཀྲུང་གོའི་གནམ་མིག”དང“ཀྲུང་གོའི་ཐོར་གས་མ་ནིང་རྡུལ་འབྱུང་ཁུངས”སོགས“རྒྱལ་ཁབ་ཀྱི་སྒྲིག་ཆས་གལ་ཆེན”སྔ་རྗེས་སུ་བསྐྲུན་ནས་གཉེར་སྐྱོང་བྱས་ཏེ། ཚད་མཐོའི་ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཕྱོགས་གཅིག་ནས་བཟོ་སྐྲུན་ཞིབ་མོ་དང་། གློག་འགོག་མེད་པའི་འདྲེན་རྫས་ཆེ་གྲས། ཚད་བརྒལ་སྟོང་སངས་སོགས་ལག་རྩལ་མཐོན་པོ་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་ཀྱིས་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་བརྟེན་ནས་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་འབོར་ཆེན་གསར་སྤེལ་བྱས་ཡོད།

སྨན་རྫས་གསར་གཏོད་བྱེད་པ་ནས་རང་རྒྱལ་གྱིས་བཟོས་པའི་རྩེར་སོན་སྨན་བཅོས་ཡོ་བྱད་བར་དང་། འཕྲིན་གཏོང་ལག་རྩལ་ནས་འདེབས་འཛུགས་ལས་རིགས་གསར་གཏོད་བྱེད་པའི་བར། མི་དམངས་མང་ཚོགས་ཀྱིས་སྤུས་མཐོའི་གསར་གཏོད་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་ཡོད།

ཧྲང་ཧའེ་རུའེ་ཅིན་སྨན་ཁང་གི་སྐྲན་ནད་རྒྱུ་རྡུལ་ལྟེ་གནས་སུ་རྒྱལ་སྤྱིའི་མདུན་གྲལ་ཁྱབ་ཁོངས་ཀྱི་གནད་ཁེལ་སྐྲན་ནད་སྨན་བཅོས་བྱེད་པའི་སྒྲིག་ཆས་གལ་ཆེན་ཏེ། རང་རྒྱལ་གྱིས་བཟོས་པའི་རྒྱུ་རྡུལ་སྨན་བཅོས་དཔེ་སྟོན་སྒྲིག་ཆས་ཐོག་མ་དེར་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། རུའེ་ཅིན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཁྲེན་ཧའེ་ཐའོ་ཡིས། སྒྲིག་ཆས་འདི་དུས་ཡུན་རིང་བོར་ཕྱི་རྒྱལ་གྱི་ནང་འདྲེན་ལ་བརྟེན་དགོས། ལོ་བཅུའི་རིང་ཚན་རིག་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད་ཚད་ཐོ་བརྒལ་བྱུང་ཡོད། སྒྲིག་ཆས་འདིས་དངོས་ཚན་སྐྲན་ནད་སྨན་བཅོས་བྱེད་པར་ཕན་ནུས་ཆེན་པོ་ལྡན་པ་དང་ཧ་ཅང་བདེ་འཇགས་ཡིན། ནད་པའི་ངོས་ནས་བཤད་ན་ཕན་ཐོགས་ཆེན་པོ་ཐོབ་ཡོད། རིན་གོང་ཅུང་དམའ་མོའི་སྒོ་ནས་སྐྲན་ནད་སྨན་བཅོས་བྱེད་ཐུབ་ཅེས་བཤད།

ལོ་བཅུའི་རིང་། རང་རྒྱལ་གྱིས་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་ཆེ་ཆེར་ཇེ་མང་དུ་སོང་བ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་། ཚན་རྩལ་གྱི་ཐོན་སྐྱེད་ཐད་གྲངས་འབོར་དང་སྤུས་ཚད་གཉིས་ཀ་འཕར་སྣོན་བྱུང་སྟེ། གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ནས་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་གསར་ཤོས་ལས་མངོན་པར། བསྟུད་མར་ལོ10ནང་ཀྲུང་གོ་བརྟན་ཐོག་ཡར་འཕེལ་བྱུང་ཡོད་དེ། 2012ལོའི་ཨང34པ་ནས་ད་ལོའི་ཨང11པའི་བར། ལོ10ཡི་རིང་ཨང་རིམ23འཕར་ནས“ཀྲུང་གོའི་མྱུར་ཚད”མངོན་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།