ལོ་ངོ་བཅུ་ཡི་རིང་རང་རྒྱལ་གྱི་བུད་མེད་བྱ་གཞག་གི་འཕེལ་རྒྱས་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས29ཉིན་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་བུད་མེད་ཀྱི་བྱ་གཞག་དེ་བུད་མེད་ལ་ཕན་འབྲས་སྔར་ལས་མང་པོ་ཐོབ་པ་དང་འཕེལ་རྒྱས་ཁོར་ཡུག་སྔར་ལས་ལེགས་པ། འཕེལ་རྒྱས་ཆུ་ཚད་མཆོང་བརྒལ་མཐོར་འདེགས་བྱུང་བའི་རྫོགས་ལྡན་འཕེལ་རྒྱས་ཀྱི་དུས་རིམ་སུ་བསྐྱོད། གཞི་གྲངས་སྐོར་ཞིག་གི་སྟེང་ནས་ལོ་ངོ་བཅུ་ཡི་རིང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སོ་སོར་ཐོབ་པའི་འཕེལ་རིམ་གཙོ་བོ་དང་གྲུབ་འབྲས་གལ་ཆེན་མངོན་པར་མཚོན་ཡོད།

ལོ་ངོ་བཅུ་ཡི་རིང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞབས་ཞུ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། ཞིང་སྡེའི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་ཐེངས་ཁྲི20ལྷག་སྤེལ་བ་དང་། བུད་མེད་མི་ཐེངས་ཁྲི2000ལྷག་ལ་གསོ་སྦྱོང་བྱས་ཏེ། བུད་མེད་ཚན་རྩལ་ལས་བྱེད་པ་ཁྲི83ལ་སྐུལ་སློང་བྱས་ཏེ་ཚན་རིག་ཁྱབ་གདལ་དང་ཞིང་ལས་རོགས་སྐྱོར་སོགས་ཀྱི་ཞབས་ཞུའི་ཁྲོད་ཞུགས། དེ་མིན་བུད་མེད་ཁྲི700ལྷག་གིས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ལས་སྐྲུན་ཕྱུག་སྒྱུར་བྱེད་པར་རྒྱབ་སྐྱོབ་བྱས་ཏེ། རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཕྱོགས་ཡོངས་འབྱོར་འབྲིང་དང་དབུལ་ཐར་འགག་སྒྲོལ་མཐའ་གཅིག་ཏུ་རྒྱལ་ཁབ་ལེན་པའི་གཅིག་གྱུར་གྱི་འཐབ་ཕྱོགས་སྟེང་བུད་མེད་ཀྱི་ནུས་ཤུགས་འབུལ་པར་སྣེ་ཁྲིད་བྱས།

ལོ་ངོ་བཅུ་ཡི་རིང་། རིམ་པ་ོསོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ། བུད་མེད་མང་ཚོགས་རྣམས་ལ་འདྲི་རྟོག་ཞབས་ཞུ་འདོན་སྤྲོད་བྱས་པ་དང་བུད་མེད་ཀྱི་གཏུག་གཤེར་ཐེངས་ཁྲི234དང་ལེན་བྱས། ཀྲུང་གོའི་བུད་མེད་བཅའ་ཁྲིམས་རོགས་སྐྱོར་འགུལ་སྐྱོད་ལག་བསྟར་བྱས་ཏེ་གྱོད་དོན13734སྒྲུབ་པ་དང་། རོགས་སྐྱོར་དང་ལེན་བྱེད་མཁན15318ལ་རོགས་སྐྱོར་བྱས་ཏེ་དཔལ་འབྱོར་གྱོན་རྒུད་སྒོར་དུང་ཕྱུར8.3ཚུར་ལེན་བྱས།

ལོ་ངོ་བཅུ་ཡི་རིང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཁྲོད་རིམ་པ་སོ་སོ་དང་རིགས་སོ་སོའི་མཛེས་པའི་ཁྱིམ་ཚང་ཁྲི1317འདེམས་སྒུག་བྱས་པ་དང་། ལྔ་བཟང་ཁྱིམ་ཚང་ཁྲི553ལ་གཟེངས་བསྟོད་བྱས་ཏེ། མཁར་གྲོང་སྡེ་ཁུལ་གྱི་ཁྱིམ་བདག་སློབ་གྲྭ་ཁྲི41བཙུགས་པ་དང་། དྲ་རྒྱའི་སྨྱན་སྦྱོར་གསར་བའི་སྟེགས་བུ་ཁྲི4ལྷག་གི་ཞབས་ཞུའི་མ་ལག་བཙུགས། བྱིས་པའི་ཁྱིམ་གཞིས་ཁྲི32.9དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་བྱིས་པའི་སློབ་ཕྱིའི་བྱ་འགུལ་ར་བ494ལ་བརྟེན་ནས། དཔེ་ཀློག་བྱ་འགུལ་དང་ལོ་ཆུང་བྱིས་པའི་སེམས་པ་ཏང་ལ་ཕྱོགས་པའི་བརྗོད་དོན་བྱ་འགུལ་སྤེལ།

ལོ་ངོ་བཅུ་ཡི་རིང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ནུས་བ་ཇ་མཐོར་བཏང་། མིག་སྔའི་བར་དུ། རྒྱལ་ཡོངས་ཀྱི་ཞིང་སྡེ་རིམ་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁྲི60.2ལྷག་ཡོད་པ་དང་། གཞི་རིམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་གྱི་མི་གྲངས་ཁྲི770ལས་བརྒལ་ཡོད་ལ། བུད་མེད་ཁྱིམ་གཞིས་ཁྲི71ལྷག་གི་བུད་མེད་ཀྱིས་ཉེ་འགྲམ་གྱི་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད།

ལོ་ངོ་བཅུ་ཡི་རིང་། རང་རྒྱལ་གྱི་བུད་མེད་བྱིས་པའི་སྤྱི་ཕན་བྱ་གཞག་མུ་མཐུད་དུ་རྒྱ་བསྐྱེད་པ་རེད། “ཁྲུང་ལེ་འཆར་གཞི”དང“བྱིས་པའི་སྤྲོ་སྐྱིད་ཁྱིམ་གཞིས”“ཨ་མའི་ཆུ་དོང”“ཨ་མའི་སྦྲག་འབོག”སོགས་ཀྱི་སྤྱི་ཕན་རྣམ་གྲངས་ཀྱིས་རྒྱ་ཆེའི་བུད་མེད་བྱིས་པ་དང་ཁྱིམ་ཚང་ལ་གཅེས་སེམས་ཞབས་ཞུ་འདོན་སྤྲོད་བྱས། དེའི་ཁྲོད། “ཁྲུང་ལེ་འཆར་གཞི”རྣམ་གྲངས་ཀྱིས་བུ་མོ་མི་ཐེངས་ཁྲི176ལ་མ་དངུལ་རོགས་སྐྱོར་བྱས་པ་དང་། “ཨ་མའི་སྦྲག་འབོག”རྣམ་གྲངས་ཀྱིས་དཀའ་ངལ་འཕྲད་པའི་བུད་མེད་ཁྲི110ལྷག་དང་དེའི་ཁྱིམ་ཚང་ལ་དྲོད་ཁོལ་སྦྱིན།

ལོ་ངོ་བཅུ་ཡི་རིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་སྟེ། དམངས་སེམས་གཅིག་ཏུ་འདྲེས་པར་སྐུལ་འདེད་བཏང་། རྒྱལ་ཁབ145དང་བུད་མེད་རྩ་འཛུགས420ལྷག ལས་ཁུངས་དང་རྒྱལ་སྤྱིའི་རྩ་འཛུགས་བར་མཛའ་བརྩེ་འབྲེལ་འདྲིས་བྱེད་བཞིན་ཡོད། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་ཁྲི93.9འདམས་ཐོན་བྱས་ཏེ། རྒྱ་ཆེ་བའི་བུད་མེད་རྣམས་ཀྱིས་སྤོབས་པ་ཆེན་པོས་མདུན་སྐྱོད་ཀྱི་བགྲོད་ལམ་གསར་བའི་སྟེང་བསྐྱོད་པར་སྣེ་ཁྲིད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།