ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི《གོ་ལ་ཧྲིལ་བོའི་གསར་གཏོད་སྟོན་གྲངས2022》ཡོངས་སྒྲོག་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི《གོ་ལ་ཧྲིལ་བོའི་གསར་གཏོད་སྟོན་གྲངས2022》ཡོངས་སྒྲོག་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

ལི་ཁེ་ཆང་གིས་བསྟན་དོན། ཚན་རྩལ་གསར་གཏོད་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་སྒུལ་ཤུགས་ཆེན་པོ་ཡིན། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱའི་ནང་ཧུར་ཐག་གིས་ཞུགས་ཏེ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་ནན་མོ་བྱས་ནས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཡོད། མིག་སྔར། ཀྲུང་གོའི་ཚན་རྩལ་དངོས་ཤུགས་དང་གསར་གཏོད་ནུས་པར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་བ་དང་། གཉིས་གཏོད་ཀྱིས་མི་མང་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་སྒུལ་ནུས་གསར་པ་མགྱོགས་མྱུར་ངང་འཚར་ལོངས་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།   

ལི་ཁེ་ཆང་གིས་བསྟན་དོན། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། ཀྲུང་གོས་སྔར་བས་སྒོ་འབྱེད་ཀྱི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་གཏིང་ཟབ་ངང་ཞུགས་ནས། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་ཁྱབ་ཁོངས་དང་བར་མཐོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རྒྱལ་ཁབ་སོ་སོ་དང་མཉམ་དུ་གསར་གཏོད་འཕེལ་རྒྱས་ཀྱི་ཇུས་ཆེན་དོན་གཉེར་བྱས་ནས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་དང་མཛའ་མཐུན་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་བསྟུན་མཁས་དང་དོ་སྙོམས་ནུས་ལྡན་གྱི་ཤེས་བྱའི་ཐོན་དབང་གི་རྒྱལ་སྤྱིའི་སྒྲིག་སྲོལ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།