ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གིས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གིས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས། ཁྲིམས་བསྟར་ཞིབ་བཤེར་སྙན་ཞུའི་མ་ཟིན་ལ་ཞིབ་འཇུག་གྲོས་བསྡུར་བྱས་པ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝན་ཨེ་ཤང་དང་ཁྲིན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས་བཅས་ཚོགས་འདུར་ཞུགས། 

འབྲེལ་ཡོད་སྙན་ཞུ་དང་བསམ་འཆར་གྲོས་གཞིར་གསན་རྗེས། ཁྲེན་ཀྲུའུ་ཡིས་བསྟན་དོན། ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་དེ་ཏང་ཀྲུང་དབྱང་གི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་པ་དང་། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་དམིགས་པ། ཞིབ་བཤེར་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་འཐུས་ཚང་དུ་གཏོང་བ། བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཞིབ་བཤེར་ཚོགས་ཆུང་གིས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་དང་དང་ལེན་བྱས་ཏེ། མངགས་བཅོལ་ཞིབ་འཇུག་བྱ་གཞི་དང་གྲངས་འཛིན་ཆེན་མོའི་དབྱེ་ཞིབ་གྲུབ་འབྲས་ཡག་པོར་སྤྱད་ཅིང་། བཅའ་ཁྲིམས་དོན་ཚན་གྱི་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུར་དམ་པོར་དམིགས་ནས། ལས་དོན་ལེགས་བཅོས་ཀྱི་གྲོས་འགོ་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་མ་ཟིན་ལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། རྗེས་སྙེགས་ལྟ་སྐུལ་དང་དག་ཐེར་དོན་འཁྱོལ་ཡག་པོ་བྱེད་པ། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་དེ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།