ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་གྱི“ཨུ་ཡོན་བརྒྱ་ཡིས་དུས་རབས་གསར་བར་འབད་པས་སྐྱོད་ཚུལ་བཤད”ཅེས་པའི་མུ་འབྲེལ་བྱེད་སྒོའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་གསུམ་པ་པེ་ཅིང་དུ་བསྡུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན། རྒྱལ་ཡོངས་སྲིད་གྲོས་གྱི“ཨུ་ཡོན་བརྒྱ་ཡིས་དུས་རབས་གསར་བར་འབད་པས་སྐྱོད་ཚུལ་བཤད”ཅེས་པའི་མུ་འབྲེལ་བྱེད་སྒོའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་གསུམ་པ་པེ་ཅིང་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་པིའོ་ཡིས་མགོ་འཛིན་མཛད། ལུའུ་ཡུང་ཧྲུའུ་དང་སུན་ཁྲིང་ཡེ། ཝུའུ་ཀང་། ཀྲང་ཧེ་ཏི། ཧུའུ་ཁི་དབྱི་སོགས་རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི5ཡིས་སོ་སོར་ཀྲུང་གོས་དབུལ་ཐར་འགག་སྒྲོལ་གྱི་རླབས་ཆེའི་རྒྱལ་ཁ་དང་། མི་དམངས་ཀྱི་བདེ་ཐང་དམིགས་བསལ་འཕེལ་རྒྱས་ཀྱི་འཐབ་ཇུས་གནས་བབས་ཐོག་བཞག་པ། ཀྲུང་གོའི་རླུང་གློག་གི་མཚར་ལོངས་དང་འགན་བབས། དུས་རབས་གསར་བའི་ཀྲུང་གོའི་དབང་བོ་སྐྱོན་ཅན་གྱི་བྱ་གཞག་གི་ཡར་རྒྱས་དང་འཕེལ་རྒྱས། འཕུར་སྐྱོད་ཁྲོད་ཀྱི་ཀྲུང་གོའི་གྲུ་གཟེངས་བཟོ་ལས་སོགས་བརྗོད་དོན་ལ་གཞི་ཚུགས་ནས་སྒྲོག་འགྲེལ་བྱས། 

མཱ་པིའོ་ཡིས་བསྟན་དོན། “ཨུ་ཡོན་བརྒྱ་ཡིས་དུས་རབས་གསར་བར་འབད་པས་སྐྱོད་ཚུལ་བཤད”ཅེས་པའི་མུ་འབྲེལ་བྱེད་སྒོའི་ཁྲོད། ཨུ་ཡོན་ཚོས་རང་གི་ཉམས་མྱོང་དང་སྦྲགས་ནས་བརྩེ་དུངས་ལྡན་པའི་ངང་ལོ་རྒྱུས་ཀྱི་གྲུབ་འབྲས་སྒྲོག་འགྲེལ་དང་། ཐབས་ཇུས་དང་སྲིད་ཇུས་འགྲེལ་བཤད། ཁྱབ་རྒྱ་ཆེ་བའི་ཐུན་མོང་ངོས་འཛིན་གཅིག་བསྡུས་བྱས་ནས། དྲང་ནུས་དང་གཏམ་སྙན་སྒྲོག་སྤེལ་བྱས། ཧུར་ཐག་སྒོས་སྒྲོག་སྤེལ་གྱི་ཁྱབ་རྒྱ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱ་ཆེར་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བར་འབད་པས་སྐྱོད་པའི་བསམ་བློའི་གླེང་ཕྱོགས་གཙོ་བོ་སྲ་བརྟན་དང་ཁྱབ་ཆེར་གཏོང་བ་དང་། བྱ་སྤྱོད་དངོས་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧེ་དང་ཀུའུ་ཧྲིན་ཙུའུ། ཧི་ཝེ་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།