རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཐེངས་དགུ་པའི་ནང་ཤེས་རྟོགས་བྱུང་བའི་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས60ལ་གཟེངས་བསྟོད་བྱས་པའི་བརྡ་ཁྱབ་བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱོགས་སོ་སོའི་ལས་སྒྲུབ་ལས་སྐྲུན་དང་བསྒྱུར་བཅོས་གསར་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྔར་བས་སྐུལ་སློང་དང་སྐུལ་འདེད་བཏང་ནས། གནོད་སེལ་འགག་སྒྲོལ་དང་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉིན་འགའི་སྔོན་བརྡ་ཁྱབ་བཏང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཐེངས་དགུ་པའི་ཁྲོད་ཤེས་རྟོགས་བྱུང་བའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལིན་ཀང་ཁུལ་གསར་གྱིས་མ་འཇོག་འཛུགས་སྐྲུན་གྱི་ཞིབ་མཆན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་གྱིས“ནོར་སྲིད་སྲིད་ཇུས་དང་དངུལ་རྩའི་ལག་ཆ”ཟུང་འབྲེལ་བྱས་ནས་ཁེ་ལས་ཀྱི་འཁོར་རྒྱུག་རང་བཞིན་གྱི་དཀའ་ངལ་སེལ་བ།  ཧོ་ནན་ཞིང་ཆེན་ལུའོ་ཧོ་གྲོང་ཁྱེར་གྱིས་དམངས་གཉེར་ཁེ་ལས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རོགས་བྱས་པ། ཀོང་ཏུང་ཞིང་ཆེན་གྱིས་དམངས་འཚོའི“མཐའ་སྐྱོང་དྲ་བ”ཚགས་སུ་ཆུད་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་པ། ཧྲའན་ཞི་ཞིང་ཆེན་གྱིས“ཁྲལ་དོན་དོ་དམ་པའི”ཞབས་ཞུའི་བྱ་ཐབས་བཏོན་ནས་ཁྲལ་སློག་སྲིད་ཇུས་དོན་འཁྱོལ་ཞིབ་མོ་ཐུབ་པར་འགན་ལེན་བྱས་པ་སོགས་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་ཁག60ལ་བསྔགས་བརྗོད་བྱས་ཡོད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།