ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཚན་རིག་པས་མིའི་རིགས་ནི་ཉ་ནས་འཕེལ་འགྱུར་བྱུང་བར་ར་སྤྲོད་བྱས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉ་ནས་མི་རུ་འཕེལ་འགྱུར་བྱུང་བའི་བརྒྱུད་རིམ་ལ་ལོ་ངོ་དུང་ཕྱུར5མཁོ་བ་དང་། སྔ་རྗེས་སུ་ཆེས་ཐོག་མའི་མགལ་མེད་རིགས་ནས་མགལ་ལྡན་རིགས་དང་། གཤོག་ལྡན་ཉ་རིགས། དེ་ནས་སྐམ་སར་ལོག་སྟེ་སྐམ་མཚོ་སྲོག་ཆགས་དང་འོ་འཐུང་སྲོག་ཆགས་སུ་འགྱུར་བ། ཆེས་མཇུག་ཏུ་མི་རུ་འགྱུར་བར་ཡུན་རིང་བའི་བརྒྱུད་རིམ་བརྒྱུད་དགོས། ཚན་རིག་གླིང་གིི་ཡོན་ཧྲི་ཀྲུའུ་མེན་གྱིས་སྣེ་ཁྲིད་པའི་ཚན་ཞིབ་རུ་ཁག་གིས་ལོ་མང་པོའི་རིང་ཕྱི་རོལ་ཡུལ་གྱི་རྟོག་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། མགལ་ལྡན་སྒལ་ལྡན་སྲོག་ཆགས་ཀྱི་འབྱུང་ཁུངས་དང་དུས་སྔོན་གྱི་འཕེལ་འགྱུར་གྱི་ཆ་འཕྲིན་གལ་ཆེན་གསལ་འདོན་བྱས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།