ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་སློབ་ཆེན་གྱི་ཡོན་ཚད་ཡོད་པའི་མི་འབོར་དུང་ཕྱུར2.18ཟིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། གྲངས་གཞིའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་འབྲས་ངོ་སྤྲོད་བྱས། སློབ་གསོ་པུའུ་ཡི་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་ལིའུ་ཁྲང་ཡ་ཡིས། 2021ལོར་ངལ་རྩོལ་ལོ་ཚད་ལོན་པའི་མི་འབོར་གྱི་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ10.9ཟིན་ཏེ2012ལོ་ལས་ལོ1.0མང་དུ་ཕྱིན་ཡོད།

དེའི་ནང་མཐོ་རིམ་སློབ་གསོ་ཐོབ་མྱོང་ཡོད་པའི་བསྡུར་ཚད24.9%ཡིན་པ་དེ2012ལོ་ལས་བརྒྱ་ཆའི་གྲངས10.5འཕར་ཡོད། རྒྱལ་ཡོངས་སུ་སློབ་ཆེན་གྱི་ཡོན་ཚད་ལྡན་པའི་མི་འབོར་དུང་ཕྱུར2.18ལས་བརྒལ་བ་དང་། རྒྱལ་དམངས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཏེ། དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རིག་སྟོབས་ཀྱི་འདེགས་སྐྱོར་ཤུགས་ཆེན་མཁོ་སྤྲོད་བྱས་ཤིང་། མི་རིགས་བསྐྱར་དར་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།