ཀྲུང་གོ་བོད་ཀྱི་དྲ་བ།

དྲ་ཚིགས་ཀྱི་ལས་སྟེགས617གྱིས་སྤྱི་ཚོགས་ལ་ཐེར་འདོན་བདག་སྤྲོད་བྱེད་སྟངས་གཅིག་གྱུར་ངང་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་ཐེར་འདོན་ལྟེ་གནས་ཀྱིས་ཉེ་ཆར་སྐོར་དགུ་པའི་དྲ་ཚིགས617གྱི་སྟེགས་བུ་རྩ་འཛུགས་བྱས་ནས་སྤྱི་ཚོགས་ལ་ཐེར་འདོན་བདག་སྤྲོད་བྱེད་སྟེངས་གཅིག་གྱུར་ངང་ཁྱབ་བསྒྲགས་བྱས་པ་རེད། ད་བར་སྤྱི་ཚོགས་ལ་ཐེར་འདོན་བདག་སྤྲོད་བྱེད་སྟངས་གཅིག་གྱུར་ངང་ཁྱབ་བསྒྲགས་བྱས་པའི་དྲ་ཚུགས་ཀྱི་སྟེགས་བུ4100ལྷག་ཡོད།

ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཁྲིམས་འགལ་དང་མི་ལེགས་པའི་ཆ་འཕྲིན་ཐེར་འདོན་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་དྲ་ཚིགས་ལས་སྟེགས་ཀྱིས་སྤྱི་ཚོགས་ལ་ཐེར་འདོན་བདག་སྤྲོད་བྱེད་སྟངས་གཅིག་གྱུར་ངང་ཁྱབ་བསྒྲགས་བྱེད་པ་དེ་ནི་དྲ་ཚིགས་ལས་སྟེགས་ཀྱིས་དྲ་རྒྱའི་ཐེར་འདོན་ལས་དོན་ཚད་ལྡན་ངང་སྤེལ་བར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། དྲ་ཚིགས་ལས་སྟེགས་ཀྱིས་ཐེར་འདོན་བདག་སྤྲོད་བྱེད་སྟངས་ཡོངས་བསྒྲགས་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་གཙོ་གཞིའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་བྱེད་ལམ་སྔར་ལས་ཤར་གཏོང་བྱེད་པ། དྲ་དམངས་ཀྱི་ཐེར་འདོན་ཡར་ཞུ་དང་ཞུ་གཏུག་དུས་ཐོག་ཏུ་བདག་སྤྲོད་དང་ལྡོག་འདྲེན་བྱས་ཏེ། དྲ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་དྲ་རྒྱའི་ཁོར་ཡུག་གཙང་མ་ཞིག་མཉམ་དུ་བསྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།