ཀྲུང་གོ་བོད་ཀྱི་དྲ་བ།

རྒྱང་ཚོར་སྲུང་སྐར་ཉེར་སྤྱོད་ཀྱི་རྒྱལ་ཁབ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་བཙུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་རྒྱང་ཚོར་སྲུང་སྐར་ཉེར་སྤྱོད་ཀྱི་རྒྱལ་ཁབ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་པེ་ཅིང་དུ་བཙུགས་པ་རེད། ལྟེ་གནས་དེས་རྒྱང་ཚོར་སྲུང་སྐར་སྤུས་ཚད་མཐོ་བ་དང་གཞི་ཁྱོན་ཅན་གྱི་ཉེར་སྤྱོད་ལ་ཚོད་འཛིན་བཟོ་བའི་འགག་རྩའི་གནད་དོན་གྱི་ཚད་བརྒལ་ལ་གཞོལ་བ་དང་མཁའ་དབྱིངས་ཀྱི་ཆ་འཕྲིན་ཐོན་ལས་ཀྱི་གསར་གཏོད་ལས་ཆོད་ཆེ་རུ་བཏང་ནས། རྒྱང་ཚོར་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཟམ་ཞིག་བསྐྲུན་རྒྱུ་རེད།

ལྟེ་གནས་དེ་ཀྲུང་གོ་ཚན་རིག་ཁང་བར་སྣང་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་ལ་བརྟེན་ནས་བཙུགས་པ་དང་། སྔོན་ཆད་ནི2008ལོར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་དེ་བཙུགས་པའི་རྒྱང་ཚོར་སྲུང་སྐར་ཉེར་སྤྱོད་རྒྱལ་ཁབ་བཟོ་སྐྲུན་ཚོད་ལྟ་ཁང་ཡིན་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། རྒྱང་ཚོར་ཚན་རྩལ་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོའི་ཁྲོད་ཉིན་རེ་བཞིན་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད། རང་རྒྱལ་གྱི་རྒྱང་ཚོར་སྲུང་སྐར་ཉེར་སྤྱོད་ཐད་རྨང་གཞིའི་སྒྲིག་ཆས་ལེགས་པ་དང་། བཀོལ་སྤྱོད་བྱེད་ཡུལ་མང་བ། གསར་གཏོད་ཀྱི་རྒྱུ་རྐྱེན་མང་བ།ལས་ཞུགས་མི་སྣ་མང་བ། ཁྲོམ་རའི་གཞི་ཁྱོན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། སྲོལ་རྒྱུན་གྱི་ཐོན་ལས་དང་གསར་དར་དྲ་སྦྲེལ་གྱི་ཐོན་ལས་དང་ཕན་ཚུན་མཉམ་འདྲེས་ཐུབ་རྒྱུ་རེད།

“རྒྱང་ཚོར་སྲུང་སྐར་སྤྱོད་མཁན་དང་ལག་རྩལ་མི་སྣ་འབོར་ཆེན་ཞིག་ལ་ལག་རྩལ་ཐག་གཅོད་དང་ཐོན་རྫས་ལས་སྣོན། ཆ་འཕྲིན་དབྱེ་ཞིབ་སོགས་ཀྱི་ཐུན་མོང་རང་བཞིན་གྱི་གནད་དོན་འཕྲད་ཡོད། ཐུན་མོང་རང་བཞིན་གྱི་ཐོན་རྫས་དང་ཐུན་མོང་རང་བཞིན་གྱི་ལག་རྩལ་དེ་དག་ནི་རྒྱང་ཚོར་སྲུང་སྐར་དང་རྒྱང་ཚོར་ཉེར་སྤྱོད་བར་གྱི་འབྲེལ་ཐག་ལྟ་བུ་རེད།” རྒྱང་ཚོར་སྲུང་སྐར་ཉེར་སྤྱོད་རྒྱལ་ཁབ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའུ་ཞིན་ཧྥ་ཡིས་རང་རྒྱལ་གྱི་འཁོར་ལམ་དུ་ཡོད་པའི་རྒྱང་ཚོར་སྲུང་སྐར་འབོར་ཆེན་སྔར་བས་ཡག་པོ་སྤྱོད་ཆེད་ངེས་པར་དུ་ཐུན་མོང་རང་བཞིན་གྱི་ཐོན་རྫས་དང་ཐུན་མོང་རང་བཞིན་གྱི་ལག་རྩལ་ཁྱབ་ཁོངས་ཀྱི་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཟེར།

སྲུང་སྐར་གཞི་གྲངས་དེ“་སྲུང་སྐར་གཅིག་མང་དུ་སྤྱོད་པ་དང་སྲུང་སྐར་མང་པོས་དྲ་བ་འཛུགས་པ”དང“ཐོན་ཁུངས་ནུས་ཆེའི་ངང་བེད་སྤྱོད”བྱ་ཆེད། རྒྱང་ཚོར་སྲུང་སྐར་ཉེར་སྤྱོད་ཀྱི་རྒྱལ་ཁབ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱིས་ལས་རིགས་མང་པོའི་སྲུང་སྐར་རྒྱང་ཚོར་ཉེར་སྤྱོད་ལས་སྒོའི་དགོས་མཁོ140ལྷག་ལ་བརྟག་ཞིབ་དང་དབྱེ་ཞིབ་བྱས་པའི་རྨང་གཞིའི་སྟེང་། བར་སྣང་རྒྱང་ཚོར་ཉེར་སྤྱོད་ཀྱི་ཐུན་མོང་རང་བཞིན་གྱི་ཐོན་རྫས་དང་ཐུན་མོང་རང་བཞིན་གྱི་ལག་རྩལ་མ་ལག་ཇུས་འགོད་བྱས་པ་དང་། རྨང་གཞིའི་རང་བཞིན་དང་ཀུན་འཕྲོད་རང་བཞིན་གྱི་ཆ་འཕྲིན་ཐོན་རྫས་དང་འབྲེལ་ཡོད་ལག་རྩལ་ཡོ་བྱད་དྲ་རྒྱའི་ལས་སྟེགས་བརྒྱུད་དགོས་མཁོ་ཡོད་པའི་སྤྱོད་མཁན་ལ་མཉམ་སྤྱོད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།