ཀྲུང་གོ་བོད་ཀྱི་དྲ་བ།

ལོ10རིང་རྒྱབ་ཁབ་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་བསྡོམས་པས་སྒོར་དུང་ཕྱུར་ཁྲི33.5བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས27ཉིན། གསར་འགོད་པས་སློབ་གསོ་པུའུ་ཡིས་སྒྲུབ་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་ཤེས་གསལ་ལྟར་ན། རང་རྒྱལ་གྱིས་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་ལོ10རིང་བསྡོམས་པས་སྒོར་དུང་ཕྱུར་ཁྲི33.5 བཏང་བ་དེ་ལོ་རེར9.4%ཡར་འཕར་ཞིང་། བཏང་ཟིན་པའི་མ་དངུལ་བསྡོམས་འབོར་རམ་ནོར་སྲིད་རང་བཞིན་དང་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས། ནོར་སྲིད་མ་ཡིན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སློབ་གསོ་ཐད་བཏང་བའི་མ་དངུལ་བཅས་ཚང་མ་ལོ་ངོ10རིང་ལྡབ་འགྱུར་གྱིས་འཕར་ཡོད། 

པར་འདི་ནི་སློབ་གསོ་པུའུ་ཡིས་ཟླ9བའི་ཚེས27ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འདུས་ནས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་གྱི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ཐད་བླངས་བའི་གྲུབ་འབྲས་ངོ་སྤྲོད་བྱེད་བཞིན་པའི་རྣམ་པ་རེད། 

       སློབ་གསོ་པུའུ་ནོར་དོན་ཟི་ཡི་ཟི་ཀྲང་ཀའོ་ཕིན་གྱིས། སློབ་གསོ་ཐད་བཏང་བའི་གྲོན་དངུལ་སྤྱི་འབོར་ལྡབ་འགྱུར་གྱིས་འཕར་བའི་དུས་མཚུངས་སུ། སློབ་གསོའི་ཐད་བཏང་བའི་གྲོན་དངུལ་ཆུ་ཚད་དེ་མཚུངས་ཀྱིས་མཐོར་འདེགས་སུ་བཏང་ཡོད་པར་བཤད།

 2021ལོར་རྒྱལ་ཡོངས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ་རེའི་ཆ་སྙོམས་ཀྱི་སྤྱི་བའི་སྔོན་རྩིས་སློབ་གསོ་ཐད་བཏང་བའི་འགྲོ་སོང་བྱིས་སྐྱོང་གླིང་གི་སློབ་མར་སྒོར9506དང་། སྤྱིར་བཏང་གི་སློབ་ཆུང་སློབ་མར་སྒོར12381། སྤྱིར་བཏང་གི་དམའ་འབྲིང་སློབ་མར་སྒོར17772། སྤྱིར་བཏང་གི་མཐོ་འབྲིང་སློབ་མར་སྒོར18809། འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མར་སྒོར17095། སྤྱིར་བཏང་གི་མཐོ་རིམ་སློབ་གྲྭའི་སློབ་མར་སྒོར22586བཅས་རེད། དེ་དག2011ལོའི་ལྡབ3.3དང2.2།  2.4།  2.5།  2.1།  1.5བཅས་ཡིན་པ་རེད།

སྒོར་མོ་འདི་དག་ཕྱོགས་གང་ལ་བཀོལ་བ་རེད་ཅེས་དྲིས་པར། ཀའོ་ཕིན་གྱིས་སློབ་གསོ་གྲོན་དངུལ་བེད་སྤྱོད་བྱེད་པའི་སྒྲིག་གཞི་འདི་གཞི་རྩའི་སྟེང་ནས“ཕྱེད་ཀ་ཡན་གྱི་གྲངས་གནས་གསུམ”ཡིན་ཏེ། རིམ་པ་སོ་སོའི་སློབ་གསོའི་ཁྲོད། འགྲོ་གྲོན་གྱི་ཕྱེད་ཀ་ཡན་འོས་འགན་སློབ་གསོ་ཐད་བཀོལ་བ་དང་། ཕྱེད་ཀ་ཡན་དགེ་རྒན་གྱི་ཟླ་ཕོག་ཐད་བཀོལ་བ། ཕྱེད་ཀ་ཡན་དབུས་ནུབ་རྒྱུད་ས་ཁུལ་དུ་བཀོལ་བ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།