ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས་ཟླ8པའི་བར་རྒྱལ་ཡོངས་ཀྱིས་ལས་རྐང་བརྟན་བརླིང་དུ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར646.3ཁེ་ལས་ལ་རྩིས་སྤྲོད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་གསར་དུ་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ1པོ་ནས་ཟླ8པའི་བར་རྒྱལ་ཡོངས་ཀྱིས་ཁེ་ལས་ཁྲི1120.1ལ་ལས་རྐང་བརྟན་བརླིང་དུ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར646.3རྩིས་སྤྲོད་བྱས་ཤིང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་རྒྱུན་མཐུད་ངང་ཁེ་ལས་ལ་རོགས་སྐྱོར་དང་ལས་རྐང་བརྟན་བསྐྱེད་སྲིད་ཇུས་ལ་ཤུགས་བསྣན་ཏེ། ཚོང་རའི་གཙོ་གཞི་བརྟན་བརླིང་དུ་གཏོང་བར་བརྟེན་ནས་ལས་ཞུགས་བརྟན་བརླིང་དུ་བཏང་།

ངོ་སྤྲོད་བྱས་པ་ལྟར་ན། ས་གནས་སོ་སོས་ལས་རྐང་བརྟན་བརླིང་དུ་གཏོང་བའི་མ་དངུལ་ཡར་ཞུ་བྱེད་མི་དགོས་པར་ཐད་ཀར་ལོངས་སུ་སྤྱོད་པའི་ལས་སྒྲུབ་རྣམ་པ་གསར་བ་ཡོངས་སུ་ཁྱབ་གདལ་དུ་བཏང་། ཟླ1པོ་ནས་ཟླ8པའི་བར། ཁེ་ལས་ཁྲི721.1ལ་ལས་ཤོར་འགན་བཅོལ་གྱི་ལས་རྐང་བརྟན་བརླིང་དུ་གཏོང་བའི་ཕྱིར་སློག་མ་དངུལ་སྒོར་དུང་ཕྱུར448.4རྩིས་སྤྲོད་བྱས་ཏེ། ཁེ་ཕན་ཐོབ་པའི་ཁེ་ལས་དང་ཕྱིར་སློག་མ་དངུལ་སོ་སོ་ནས་ན་ནིང་གི་ལོ་ཧྲིལ་བོའི་ལྡབ1.8དང་ལྡབ1.9ཡིན་པ་དང་། རྒྱལ་ཡོངས་ཀྱི་འགན་བཅོལ་ཁྲོད་ཞུགས་པའི་ཁེ་ལས་ཕྱེད་གྲངས་ལ་ཁེ་ཕན་ཐོབ་ཡོད། སྟེར་ཐེངས་གཅིག་གི་ལས་མཚམས་འཇོག་པའི་སྦྱོང་བརྡར་གྱི་ཁ་གསབ་སྲིད་ཇུས་གསར་གཏོད་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱས། ལག་བསྟར་བྱས་པའི་ཟླ4ཡི་རིང་ལ་ཁེ་ལས་ཁྲི395.7ཡིས་སྲིད་ཇུས་ཀྱི་ཁེ་སྤོགས་སྒོར་དུང་ཕྱུར196.8ལོངས་སྤྱོད་བྱས་ལ། སྟེར་ཐེངས་གཅིག་གི་ལས་རྐང་བརྟན་བསྐྱེད་ཁ་གསབ་སྲིད་ཇུས་གསར་གཏོད་བྱས་ཏེ། ཁེ་ལས་ཀྱིས་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པར་བསྡུ་ལེན་བྱས་པ་དང་། ཁེ་ལས་ཁྲི3.3ལ་མ་དངུལ་སྒོར་དུང་ཕྱུར1.1རྩིས་སྤྲོད་བྱས་ནས། མཐོ་སློབ་མཐར་ཕྱིན་སློབ་མ་ཁྲི10.3ལ་ཁེ་ཕན་ཐོབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།