ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོགས་འདུར་མགོ་འཛིན་མཛད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས26ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཐེངས་དོན་བརྒྱད་པའི་ཀྲུའུ་ཞི་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།

པར་འདི་ནི་ཟླ9བའི་ཚེས26ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཐེངས་དོན་བརྒྱད་པའི་ཀྲུའུ་ཞི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུའི་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།

ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་གྲོས་རིམ་ལ་གྲོས་ཞིབ་བྱས་ཤིང་། ཟླ10བའི་ཚེས31ཉིན་ནས་ཟླ11པའི་ཚེས2ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་གནང་བ་རེད། ཝང་དབྱང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཚོགས་འདུ་འདུས་ནས་ཀྲུང་གུང་སྐབས་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱེད་པའི་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་ཨུ་ཡོན་དང་རིགས་སོ་སོའི་མང་ཚོགས་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་དང་། ཏན་ཏིག་སྒོས་ཀྲུང་གུང་སྐབས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ། མདུན་སྐྱོད་གསར་བར་འབད་པས་བསྐྱོད་ཅིང་དུས་རབས་གསར་བར་བྱས་རྗེས་འཇོག་པ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པ་རེད། ནན་ཏན་སྒོས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་སྒྲིག་འཛུགས་བྱེད་པའི་ལས་དོན་བཟང་བོ་བསྒྲུབ་རྒྱུ་དང་། སྔོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱ་བའི་ཇུས་གཞི་འགོད་པ། ཨུ་ཡོན་རྣམས་རིགས་སོ་སོའི་མང་ཚོགས་ལ་འགྲེལ་བཤད་དང་གསལ་འགྲེལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པར་སྐུལ་ལྕག་དང་རྒྱབ་སྐྱོར་བཅས་བྱས་ཏེ་ཀྲུང་གུང་སྐབས་ཉི་ཤུ་བའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ། དྲང་ནུས་གཅིག་བསྒྲིལ་དང་སྙིང་སྟོབས་འཕེལ་བ་བཅས་བྱེད་དགོས་པར་བསྟན།

ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་གི《དམག་ཁོངས་ནས་བུད་པའི་དམག་མིར་འགན་སྲུང་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་ཚུལ་སྐོར་གྱི་གནས་ཚུལ》དང་། དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི《ཁེ་ལས་འབྲིང་ཆུང་གི་མ་དངུལ་འགྱངས་ཆད་ལ་དོགས་ཟོན་དང་གནད་དོན་སེལ་རྒྱུའི་ཕུགས་ཕན་ལམ་སྲོལ་སྤེལ་བའི་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་ཚུལ་སྐོར་གྱི་གནས་ཚུལ》། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི《གྲོང་གསེབ་ཀྱི་གསང་སྤྱོད་བསྒྱུར་བཀོད་དང་སྡོད་མལ་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་ཚུལ་སྐོར་གྱི་གནས་ཚུལ》། མི་གྲངས་དང་ཐོན་ཁུངས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི《ས་ནག་ཐང་གི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་དམངས་གཙོའི་ལྟ་སྐུལ་ལས་དོན་ལེགས་པོར་སྤེལ་ཚུལ་སྐོར་གྱི་གནས་ཚུལ》། སློབ་གསོ་དང་ཚན་རིག འཕྲོད་བསྟེན། ལུས་རྩལ་ཨུ་ཡོན་ལྷན་ཁང་གི《ལུས་རྩལ་དང་སློབ་གསོ་གཉིས་གཏིང་ཟབ་སྒོས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་དམངས་གཙོའི་ལྟ་སྐུལ་ལས་དོན་ལེགས་པོར་སྤེལ་བའི་སྐོར་གྱི་སྙན་ཞུ》བཅས་ལ་ཉན་པ་རེད། ཝང་དབྱང་གིས། ལོ་གཉིས་རིང་གི་ལག་ལེན་འཚོལ་ཞིབ་བྱས་པ་བརྒྱུད། རྒྱལ་ཡོངས་སྲིད་གྲོས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པར་དམངས་གཙོའི་ལྟ་སྐུལ་བྱ་བ་སྤེལ་ཏེ་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་བ་མ་ཟད། བྱ་བ་ཆུང་ངུ་ནས་དམ་འཛིན་ཡག་པོ་བཅས་བྱས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཉམས་མྱོང་ལ་ཕྱོགས་བསྡོམས་ནན་མོ་བྱས་ནས་ལྟ་སྐུལ་བྱེད་སྟངས་དང་སྒྲིག་འཛུགས་བྱེད་སྟངས། གྲུབ་འབྲས་བེད་སྤྱོད་བཅས་ཀྱི་ཐད་ལ་རྒྱུན་མཐུད་ངང་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་ལྟ་སྐུལ་གྱི་ཕན་འབྲས་དངོས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚུན་ཆད་དུ་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་ཀྱི་འབྲེལ་ཡོད་ལམ་ལུགས་དོན་འཁྱོལ་བྱས་ཚུལ་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གྱི་སྙན་ཞུར་ཉན་པ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི“ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བའི”སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་རེད། ཚོགས་འདུའི་ཐོག་ཆན་ལི་ཀྲི་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱས་པའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པར་ཁས་ལེན་ཐོབ་པར་རེ་ཞུ་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པའོ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། མཱ་པེའོ། ཁྲེན་ཞའོ་ཀོང་། ལི་པིན། པ་ཐེ་ཨར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཕེབས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།