ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ས་གནས་སོ་སོའི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོར་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས“ཕྱིར་མིག་བལྟ་བའི”ལས་དོན་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚོགས་ཆུང16མངགས་ནས། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་མོར་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར“ཕྱིར་མིག་བལྟ་བའི”ལས་དོན་སྤེལ་བ་རེད།

འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས26ཉིན་ཆ་འཕྲིན་འདི་ཁྱབ་བསྒྲགས་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚོགས་ཆུང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོའི་སྒྲིག་འཛུགས་ལས་དོན་སྤེལ་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་བྱེད་ཐབས་ཁག15དོན་འཁྱོལ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འབུར་ཐོན་འགལ་བ་དང་གནད་དོན་ལ་དམིགས་ནས་བཅོས་སྒྲིག་འགག་སྒྲོལ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས། དཔྱིད་གསར་དུས་ཆེན་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་རིང་གི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང2021ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་དཔྱད་ཞིབ་སྐོར་ཞིབ་ཁྲོད་བཏོན་པའི་འབྲེལ་ཡོད་གནད་དོན་དག་ཐེར་དང་བྱེད་ཐབས་གྲོས་གཞི་དོན་འཁྱོལ་བྱས་ཚུལ་དང་། དེ་བཞིན་ས་གནས་ཁག་གི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་བདེ་འཇགས་ལས་དོན་དང་གནམ་གཤིས་ཧ་ཅང་ཞན་པའི་བདེ་འཇགས་ཉེན་ཟོན། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་སྔོན་འགོག་སོགས་ཀྱི་གཙོ་གནད་དུས་མཚམས་ཀྱི་བདེ་འཇགས་དང་ཉེན་ཁ་སྔོན་འགོག་བྱས་ཚུལ་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུ་རེད།

ད་ཐེངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་དེ་ཟླ11པའི་ཟླ་མཇུག་ཏུ་མཇུག་འགྲིལ་ནས་ཆེད་མཁས་པའི་ནུས་པར་གང་ལེགས་སྒོས་བརྟེན་པ་དང་འདོན་སྤེལ་བྱས་ཏེ། ཞིབ་བཤེར་མཛུབ་ཁྲིད་ཀྱི་ཚན་རིག་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་གཏོང་རྒྱུ་རེད། ལྟ་སྐུལ་མཛུབ་ཁྲིད་དང་རོགས་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁུངས་སྣེ་དམ་པོར་འཛིན་པ་དང་གནད་དོན་གྱི་རྗེས་སུ་འབྲང་བ། གནད་དོན་ལ་དམིགས་ནས་དག་ཐེར་བྱེད་པ་བཅས་བྱས་ཏེ། ཡུལ་དངོས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བརྒྱུད་རིམ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། དངོས་ཡོད་སྒོས་གནད་དོན་ཐག་གཅོད་བྱེད་པར་འགན་ལེན་བྱེད་དགོས། ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་གིས་ད་དུང་ས་གནས་ཁག་གི་དོན་དངོས་ལ་གཞིགས་ནས་བློ་མི་བདེ་བའི་གཙོ་གནད་ས་ཁུལ་ལ་རེས་སྐོར་མང་པོའི་ལྟ་སྐུལ་མཛུབ་ཁྲིད་དང་བཅའ་སྡོད་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་གནད་དོན་ལ་དོ་སྣང་ཆེན་པོ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།