ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་འགུལ་སྐྱོད་ཇུས་གཞི་དཔར་འགྲེམ་བྱས་ཏེ་འབྲི་ཆུ་མ་ཡུམ་གཙང་བོར་སྲུང་སྐྱོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སྐྱེ་ཁམས་ཁོར་ཡུག་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག17གྱིས་མཉམ་འབྲེལ་སྒོས《འབྲི་ཆུའི་སྲུང་སྐྱོང་དང་ཉམས་གསོ་འགག་སྒྲོལ་ལས་དོན་ལེགས་པོར་སྒྲུབ་པའི་སྐོར་གྱི་འགུལ་སྐྱོད་ཇུས་གཞི》(གཤམ་དུ《འགུལ་སྐྱོད་ཇུས་གཞི》ཞེས་བསྡུས་ཡོད)དཔར་འགྲེམ་བྱས་ཏེ། སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་བཞུར་རྒྱུད་ཀྱི་མ་ལག་རང་བཞིན་ནས་མགོ་བརྩམས་ཏེ། སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་རྒྱུན་བསྐྱངས་ཏེ། གནད་ལ་འཁེལ་བ་དང་ཚན་རིག་དང་མཐུན་པ། ཁྲིམས་ལྟར་སྦགས་བཙོག་བཅོས་སྒྲིག་བྱས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྲུང་སྐྱོང་ཆེན་པོའི་བྱ་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱ་རྒྱུ་རེད། 

《འགུལ་སྐྱོད་ཇུས་གཞི》ཁྲོད2025ལོའི་ལོ་མཇུག་བར་དུ། འབྲི་ཆུའི་བཞུར་རྒྱུད་ཀྱི་ཆུ་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་ཡིན་པ་དང་། གཞུང་རྒྱུན་གྱི་ཆུ་སྤུས་རིགསⅡཔ་རྒྱུན་འཁྱོངས་བྱེད་པ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་རྫོང་མཁར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་བཅོས་སྐྱོང་བྱེད་ཚད97%ཡན་ལ་སླེབས་པ་དང་། རྫོང་རིམ་པའི་གྲོང་ཁྱེར་གྱི་དྲི་ངན་ལྡན་པའི་ཆུ་ནག་ཕལ་ཆེར་མེད་པར་བཟོས་ནས། ལུད་རྫས་དང་ཞིང་སྨན་བེད་སྤྱོད་བྱེད་ཚད43%ཡན་ཇེ་མཐོར་བཏང་སྟེ། ཕྱུགས་སོག་དང་ཁྱིམ་བྱའི་རྟུག་བཙོག་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་ཚད80%ཡན་ལ་མཐོར་འདེགས་བཏང་ནས། ཞིང་ནང་གི་འགྱིག་ཤོག་ཚུར་བསྡུ་ཚད85%ཡན་ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།