ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཉིན་རེའི་ཚགས་པར་སྟེང་ཁ་ཡིག་ལ་འཐུས་མིའི་འགན་འཁྲི་ལག་བསྟར་རྣམ་དག་བྱས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་ལེགས་པོ་བྱ་དགོས་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས26ཉིན་པར་དུ་བསྐྲུན་པའི་མི་དམངས་ཉིན་རེའི་ཚགས་པར་སྟེང་དུ་ཁ་ཡིག་ལ་འཐུས་མིའི་འགན་འཁྲི་ལག་བསྟར་རྣམ་དག་བྱས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་ལེགས་པོ་བྱ་དགོས་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ།

རྩོམ་ཡིག་ལས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་འོས་སྦྱོར་ནན་མོ་དང་། ཡང་དང་བསྐྱར་དུ་ནང་གྲོས། རིམ་པ་བཞིན་དུ་གདམ་གསེས་བཅས་བྱས་པ་བརྒྱུད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི2296བདམས་ཐོན་བྱུང་ཡོད། ཁོ་ཚོས་ཏང་ཡོངས་ཀྱི་ཏང་ཡོན་བྱེ་བ་དགུ་དང་ས་ཡ་དྲུག་ལྷག་དང་། གཞི་རིམ་ཏང་རྩ་འཛུགས་ས་ཡ་བཞི་དང་འབུམ་དགུ་ལྷག་གི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བླངས་ཤིང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་ནན་མོ་ཁུར་དུ་བླངས་ནས། གཟི་བརྗིད་ལྡན་པའི་ངང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་རྒྱུ་རེད། འདིར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བདམས་ཐོན་བྱུང་བའི་བློ་མཐུན་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་ཞེས་བསྟན་ཡོད།

རྩོམ་ཡིག་ལས་བསྟན་དོན། འཐུས་མིར་བདམས་ཐོན་བྱུང་བའི་བློ་མཐུན་རེ་རེས་གཟི་བརྗིད་ཀྱི་ཐོབ་ཐང་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་པ་དང་། ཡིད་ཆེས་དང་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར། གཟི་བརྗིད་ཀྱི་ལས་འགན་དང་མཆོག་གྱུར་གྱི་འགན་འཁྲི་ལག་བསྟར་རྣམ་དག་བྱས་ཏེ། རང་རྟོགས་ཀྱིས་རྒྱ་ཆེའི་ཏང་ཡོན་ལ་སྣེ་ཁྲིད་བཟང་པོ་དང་དཔེ་སྟོན་བཟང་པོ་བྱས་ནས། དུས་རྣམ་ཀུན་ཏུ་གདོང་མཆོང་དཔེ་སྟོན་གྱི་ནུས་པར་བརྟེན་ནས་ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་མངོན་མཚོན་བྱ་དགོས།

རྩོམ་ཡིག་ལས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། འཐུས་མི་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་མཐུན་སྒྲིལ་གྱི་ཚོགས་ཆེན་ཞིག་དང་། རྒྱལ་ཁའི་ཚོགས་ཆེན་ཞིག ངར་སྐྱོད་ཀྱི་ཚོགས་ཆེན་ཞིག་བཅས་སུ་བསྡུས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།