ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སྤྱི་བདེ་པུའུ་ཡིས2022ལོའི་ཆེས་མཛེས་པའི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པའི་སྔོན་ཐོན་བྱས་རྗེས་ཁྱབ་སྒྲོག་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་བདེ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་བསླབ་ཚིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཤུགས་ཆེན་པོས་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དུས་རབས་གསར་བར་འབད་པས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པར་སྐུལ་ལྕག་གནང་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སྤྱི་བདེ་པུའུ་ཡིས་ཉེ་ལམ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས2022ལོའི་ཆེས་མཛེས་པའི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པའི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་དང་ཁྱབ་བསྒྲགས་བྱས་པ་རེད།

1664153067687820.jpg

ཀྲང་ལེའང་དང་ལུའུ་ཡིའུ། ཀྲའོ་ཧེང་པིན། ཨན་ཨེར་པའོ། མ་ཁྲུན་ཧྭ། ཀྲང་ཡུས་ཧང་། ཧོ་ཧོན། ལུའུ་པོ་དབྱང་། ཁྲེན་ཅན་ཆང་། སུན་དབྱི་ཧའེ། ལེའང་ཞའོ་ལི། ཀྲུའུ་མིང་། ཧྲི་ཞའོ་ཅན། ཨེ་ཅིན་ཧྥིན། ཀྲང་ལེན་པོ། ཁྲེན་མིན་ཧྲིན། ཁྲང་ཝུའུ(སྐུ་གཤེགས)། ལི་ཅང་། ཧྲི་ཁྲུན་ཞ། དབྱང་པོ་ལུན། ཆའོ་ཅི་ཅིན། ཀྲོའུ་ཧི་ལི། ཧོང་ཁྲུན། ཀྲུའུ་ཡུང་ཧོང་། ཧྲི་ལིན། ཧོང་ཅ་པིན།  ཧྥན་ཡིའུ་ཧོང་། ལིའུ་ཧན་ཁྲའོ། ངག་དབང་བསྟན་དར། ཡོན་ཧྥང་། ཕན་ཅིན་ལེ། ཐན་ཧྥིན། ཚིན་ཀྲི་ཆང་། ཞུའུ་ཅོན། ཁྲིན་ཝན་ལི། ཧྥུའུ་ཧྲི་ཁྲེ། ཁྲིན་ཡུས། ཝང་ཝེ་སོགས་མི་སྒེར38ལ་གཟི་བརྗིད་ལྡན་པའི་མཚན་སྙན་འདི་ཐོབ་པ་རེད། ཁོང་ཚོའི་ཁྲོད་མཐའ་མཚམས་བཅའ་སྲུང་བྱས་ནས་མི་དཀྱུས་མའི་བསམ་ཡུལ་ལས་འདས་པའི་དཀའ་ངལ་ཁྱད་དུ་བསད་དེ་ཕྱོགས་གཅིག་གི་བདེ་འཇགས་སྲུང་མཁན་ཡོད་པ་དང་། ལ་ལས་འཐབ་ས་དང་པོར་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ། རང་སྲོག་བློས་གཏོང་བར་མི་སྐྲག་པར་གྱོད་གཞི་ཆེན་པོ་དང་གནད་ཆེའི་གྱོད་གཞི་གང་མང་སེལ་བམཁན་ཡོད་ལ། འགའ་ཞིག་གིས་ཁྲོམ་གཞུང་དང་སྲང་ལམ་རྒྱུད་ཀྱི་སྡེ་ཁུལ་དང་རིམས་ནད་འགོག་པའི་འཐབ་ཕྱོགས་དང་པོར་བསྐྱོད་དེ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི“སེམས་ཁྲལ་དང་རེ་སྒུག”གནད་དོན་ཐག་གཅོད་བྱས་ནས་མི་སེར་གྱི་སྙིང་ཉེར་གྱུར་ཡོད། ཡང་ལ་ལས་ནུས་རྩལ་ཞིབ་སྦྱོང་བྱས་ཏེ་ཉེན་རྟོག་དམག་དཔུང་སྟོབས་ཆེན་དང་ཚན་རྩལ་གྱིས་ཉེན་རྟོག་དམག་དཔུང་དར་སྤེལ་གཏོང་བའི་བགྲོད་ལམ་སྟེང་འགན་འཁུར་ཆེན་པོས་ལང་ཚོའི་གཟི་དཔལ་མངོན་པ་དང་འབད་འབུངས་ཀྱི་མི་ཚེའི་བྱས་རྗེས་བཞག་ཡོད། ཁོང་ཚོ་ཉེན་རྟོག་པའི་ལས་གནས་མི་འདྲ་བ་ནས་ཡོང་ཡང་ཚང་མས་ཆབ་སྲིད་ཀྱི་འགན་འཁྲི་དང་། འགན་འཁྲི་འཁུར་སེམས། ལས་འགན་འཁུར་སེམས་བཅས་ལ་བརྟེན་ནས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབས་པ་དང་། རྔུལ་ཆུ་དང་ཁྲག་དྲོན་དང་ཐ་ན་བླ་མེད་ཀྱི་ཚེ་སྲོག་སྤྱད་དེ་ཏང་དང་རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་བཅངས་པའི་ལྷག་བསམ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཤིང་། མི་དམངས་སྤྱི་བདེ་མི་དམངས་ཀྱི་ཆེད་ཡིན་པའི་དཔའ་བོའི་བསྟོད་གླུ་རེ་རེ་བརྩམས་ནས། ཏང་གིས་མགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་མི་དམངས་ཉེན་རྟོག་པའི་སྒེར་སེམས་མེད་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་གཟུགས་བརྙན་བཟང་པོ་གང་ལེགས་ཀྱིས་མངོན་པར་བྱས་ཡོད།

ཡོངས་སྒྲོག་མཛད་སྒོ་དེ་བརྙན་ལམ་གྱི་འགྲེམས་སྟོན་དང་མི་སྣའི་བཅར་འདྲི། “སྤྲིན”ཐོག་འབྲེལ་མཐུད་སོགས་ཀྱི་རྣམ་པ་སྤྱད་དེ་ཕྱོགས་མི་འདྲ་བའི་ཐོག་ནས་ཁོང་ཚོའི་སྔོན་ཐོན་བྱས་རྗེས་དང་ལས་ཀ་དང་འཚོ་བའི་མྱོང་ཚོར་གླེང་བ་རེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སྤྱི་བདེ་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་ཁོང་ཚོར“ཆེས་མཛེས་པའི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པའི”ལག་ཁྱེར་སྤྲད་པ་རེད།

རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་པ་དང་། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང“ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། “ཆེས་མཛེས་པའི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ”མིག་དཔེར་བཟུང་སྟེ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། མཐའ་གཅིག་ཏུ་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་བསྟར་དྲང་གཞག སྒྲིག་ཁྲིམས་ནན་སྲུང་བཅས་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཉེན་ཁ་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ཏེ།ཆབ་སྲིད་ཀྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ནུས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་། མི་དམངས་བདེ་སྐྱིད་ཡོང་བར་དངོས་གནས་འགན་སྲུང་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བཅས་བྱ་རྒྱུ་ཡིན་པར་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།