ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་སྟོན་གྱི་མེ་ཏོག་ཚོམ་ཆེན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དང་ཁྲང་ཨན་ཁྲོམ་གཞུང་རྒྱུད་དུ་སྟོན་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་པེ་ཅིང་གྲོང་ཁྱེར་སྐྱེད་ཚལ་སྔོ་འགྱུར་ཅུའུ་ཡིས2022ལོའི་རྒྱལ་སྟོན་རིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དང་ཁྲང་ཨན་ཁྲོམ་གཞུང་གི་ལམ་རྒྱུད་དུ་མེ་ཏོག་བཀོད་སྒྲིག་བྱེད་པའི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ལྟེ་གནས་སུ“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་མེ་ཏོག་ཚོམ་ཆེན་བཀོད་སྒྲིག་བྱ་རྒྱུ་རེད། དེ་དང་ཆབས་ཅིག་འབུར་གཟུགས་ཀྱི་མེ་ཏོག་ཚོམ་ཆེན14ཁྲང་ཨན་ཁྲོམ་གཞུང་ལམ་རྒྱུད་དུ་སྟོན་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་མེ་ཏོག་ཚོམ་ཆེན་དེའི་མཐོ་ཚད་སྨི18ཡོད་པ་དང་། བཀྲ་ཤིས་པའི་མེ་ཏོག་སི་ར་གཙོ་བོར་བྱས་པ་དང་། མེ་ཏོག་ཚོམ་ཆེན་གྱི་མཐིལ་གྱི་ཚངས་ཐིག་ལ་སྨི48ཡོད། སི་རའི་ལྷོ་ངོས་སུ“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པ་དང“1949ལོ་ནས2022ལོ་བར”ཞེས་པའི་ཡི་གེ་བྲིས་པ་དང་། སི་རའི་བྱང་ངོས་སུ“ཚོགས་ཆེན་ཉི་ཤུ་དགའ་བས་བསུ”ཅེས་པའི་ཡིག་འབྲུ་བྲིས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རིང་། “ཚོགས་ཆེན་ཉི་ཤུ་དགའ་བས་བསུ”ཞེས་པ་དེ“ཚོགས་ཆེན་ཉི་ཤུ་པར་རྟེན་འབྲེལ་ཞུ”ཞེས་པའི་ཡི་གེར་བསྒྱུར་རྒྱུ་རེད།

གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ངོགས་གཉིས་ཀྱི་སྤང་ལྗོངས་དུ་བཀྲ་ཤིས་མེ་ཏོག་ཕྲེང་བ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། མེ་ཏོག་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5050ཟིན་པ་དང་། གཞོགས་གཉིས་སུ་མེ་ཏོག་གི་ཚོམ་བུ་བསྡོམས་པས18ཡོད། ཁྲང་ཨན་ཁྲོམ་གཞུང་ལམ་རྒྱུད་དུ་ལངས་གཟུགས་ཀྱི་མེ་ཏོག་ཚོམ་ཆེན14བཀོད་སྒྲིག་བྱ་རྒྱུ་མ་ཟད། ད་དུང་སྨི་གྲུ་བཞི་མ7000ལ་མེ་ཏོག་བཏབ་པ་དང་། མེ་ཏོག་ཁོག་མ་སྣ་ཚོགས100བཀོད་སྒྲིག་བྱས་ཏེ། སྤྲོ་སེམས་རབ་ཏུ་འཁོལ་བ་དང་དགའ་སྤྲོ། སྤྲོ་སྣང་ལྡན་པ་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་རྒྱུ་རེད། མེ་ཏོག་བཀོད་སྒྲིག་ལས་དོན་དེ་ཟླ9པའི་ཚེས15ཉིན་ལས་ཡུལ་དུ་སྤེལ་བ་དང་སྔོན་དཔག་བྱས་ན་ཟླ9པའི་ཚེས25ཉིན་ཡས་མས་ལ་ལས་མཇུག་སྒྲིལ་རྒྱུ་རེད།

པེ་ཅིང་གྲོང་ཁྱེར་སྐྱེད་ཚལ་ལྗང་བསྒྱུར་ཅུའུ་གྲོང་ཁྱེར་དང་གྲོང་རྡལ་ལྗང་བསྒྱུར་ཁྲུའི་ཁྲུའུ་ཀྲང་ལིའུ་མིན་ཞིན་གྱིས་བཤད་རྒྱུར། སྤྱི་ཡོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། ད་ལོའི་རྒྱལ་སྟོན་རིང་པེ་ཅིང་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་ད་དུང་བརྗོད་བྱ་གཙོ་བོའི་མེ་ཏོག་ཚོམ་ཆེན50དང་སྨི་གྲུ་བཞི་མ་ཁྲི10ལྷག་ལ་མེ་ཏོག་འདེབས་པ། མཛེས་སྤྲས་སྡེབ་སྒྲིག་གི་མེ་ཏོག་སི་ར་ཆུང་གྲས2000ལྷག མེ་ཏོག་སྒམ་ཁྲི1ལྷག་བཅས་བཀོད་སྒྲིག་བྱས་པར། མེ་ཏོག་གཞོང་པ་ཁྲི1900ལྷག་བེད་སྤྱོད་བཏང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།