2022ལོའི་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་གླེང་སྟེགས་པེ་ཅིང་ནས་བསྡུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་ཀྲུང་གོ་དཔལ་འབྱོར་སྤྱི་ཚོགས་གླེང་སྟེགས་ཚེས22ཉིན་པེ་ཅིང་ནས་བསྡུས་ཤིང་། བརྫོད་གཞི་ནིརྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱ་རྒྱུདེ་ཡིན། རྒྱལ་ཡོངས་སྲིས་གྲོས་ཀྱི་ཀྲུའུ་ཞིའམ། ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཆིན་ལི་གླེང་སྟེགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།

ཀྲང་ཆིན་ལི་ཡིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ནི་དཀའ་ཚེག་ཆེ་ཞིང་ལྗིད་རྫོབ་ཆེ་བའི་ལས་འགན་ཞིག་ཡིན་པས། ངེས་པར་དུ་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་གཅིག་གྱུར་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དེ་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། འབུར་ཐོན་གནད་དོན་ལ་དམིགས་ཏེ། ཞིབ་འཇུག་དང་བསམ་གཞིགས་གཏིང་ཟབ་གཏོང་བ་དང་། རྒྱལ་ཁ་ལེན་སྲིད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མཐུན་རྐྱེན་ཚོད་འཛིན་བྱས་ཏེ། ཕྱོགས་སོ་སོའི་སྟོབས་ཤུགས་སྐོང་འཐེན་བྱས་པ་བརྒྱུད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པའི་ལས་དོན་གཙོ་བོ་སྔར་ལས་ལྷག་པར་དོན་འཁྱོལ་བྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་ལས་དོན་ཆེན་པོ་སྒྲུབ་པར་འབད་བརྩོན་ལྷོད་མེད་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་པར་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།