ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་རྩ་བའི་ཆ་ནས་བྱང་སྐར་ཐོན་ལས་མཉེན་ཆས་ཀྱི་མ་ལག་གྲུབ་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར། གསར་འགོད་པས་ཚེས21ཉིན2022ལོའི་ཀྲུང་གོའི་བྱང་སྐར་མཉེན་ཆས་ཚོགས་ཆེན་ཐོག་ནས་ཤེས་གསལ་ལྟར་ན། མིག་སྔར་བྱང་སྐར་མ་ལག་དེ་རང་བྱུང་ཐོན་ཁུངས་དང་འགྲིམ་འགྲུལ་སྐྱེལ་འདྲེན། གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་སོགས་སུ་ཁྱབ་ཡོད། མཉམ་སྤྱོད་དཔལ་འབྱོར་དང་རིག་ནུས་ཚོང་དོན་སོགས་དམངས་དོན་ཁྱབ་ཁོངས་ནང་ཟབ་ཞུགས་བྱེད་ཚད་གཏིང་ཟབ་ཏུ་ཕྱིན་ཏེ། རྨང་གཞིའི་ཐོག་ནས་ཐོན་ལས་མཉེན་ཆས་ཀྱི་མ་ལག་གྲུབ། གྲངས་གཞིའི་ལས་མངོན་པར། ན་ནིང་། རང་རྒྱལ་གྱི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་ཀྱི་སྤྱིའི་ཐོན་འབབ་སྒོར་དུང་ཕྱུར4690ལ་སླེབས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།