ཚོགས་ཆེན་ཉི་ཤུ་སྤྲོ་བས་བསུ། ལོ་བཅུའི་གྲུབ་འབྲས་གྲངས་ཀས་སྟོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཚུན་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་རྟོག་ལས་ཁུངས་ཀྱིས་བསྡོམས་པས་མི་ཁྲི470.9ལ་ཞིབ་བཤེར་བརྟག་དཔྱད་གྱོད་དོན་ཐོ་འགོད་བྱས་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་བཟུང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད། ལོ་བཅུར་བློ་སྤོབས་ཆེན་པོས་མདུན་དུ་བསྐྱོད། །ལོ་བཅུའི་གྲུབ་འབྲས་གཟི་འོད་རབ་ཏུ་འཚེར། །བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་པ་དང་། འདས་པའི་དུས་སྐབས་ཤིག་རིང་ཏང་གི་མགོ་ཁྲིད་དངོས་འབེབས་ཉམས་ཞན་ཅན་དང་སྟོང་པ་ཅན། རྣམ་པ་ཅན། མཐར་གནས་ཅན་གྱི་གནད་དོན་ལ་ཆེད་དུ་དམིགས་ནས་ཐག་གཅོད་བྱས་ཤིང་། ཆབ་སྲིད་དང་གཞུང་ལུགས། ལམ་ལུགས། ལག་ལེན་བཅས་ཀྱི་གྲུབ་འབྲས་གལ་ཆེན་བླངས། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་རྟོག་ལས་ཁུངས་ཀྱིས་མི་ཁྲི470.9ལ་ཞིབ་བཤེར་བརྟག་དཔྱད་གྱོད་དོན་ཐོ་འགོད་བྱས་པ། 

“ཀྲུང་གོའི་ལོ་ངོ་བཅུ་པོ་འདི”ཞེས་པའི་མུ་འབྲེལ་ཁྱབ་སྒྲོག་ཚོགས་འདུའི་སྟེང་། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཅན་ཞིན་གྱིས་ངོ་སྤྲད་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་ད་ལོའི་ཟླ4པའི་ཟླ་མཇུག་བར། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་རྟོག་ལས་ཁུངས་ཀྱིས་ཞིབ་བཤེར་བརྟག་དཔྱད་གྱོད་དོན་ཐོ་འགོད་བྱས་པ་ཁྲི438.8དང་མི་ཁྲི470.9ལ་སླེབས་ཡོད། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྲི72.3ཞིབ་གཅོད་བྱས་ཤིང་། མི་ཁྲི64.4ཏང་གི་སྒྲིག་ཁྲིམས་སྲིད་དོན་ཆད་པ་བཅད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་ད་ལོའི་ཟླ4པའི་ཟླ་མཇུག་བར། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་རྟོག་ལས་ཁུངས་ཀྱིས“འཛིན་སྟངས་རིགས་བཞིའི”སྐྱོན་བརྗོད་སློབ་གསོ་བེད་སྤྱད་ནས་མི་ཐེངས་ཁྲི1134.4ལ་རོགས་རམ་ཐག་གཅོད་བྱས། དེའི་ཁྲོད། འཛིན་སྟངས་རིགས་དང་པོའི་སྐྱོན་བརྗོད་སློབ་གསོ་སྤྱད་ནས་མི་ཐེངས་ཁྲི695.1ལ་རོགས་རམ་བྱས་ཤིང61.3%ཟིན། འཛིན་སྟངས་རིགས་གཉིས་པ་སྤྱད་ནས་མི་ཐེངས་ཁྲི334.1ཐག་གཅོད་བྱས་ཤིང29.4%ཟིན། འཛིན་སྟངས་རིགས་གསུམ་པ་སྤྱད་ནས་མི་ཐེངས་ཁྲི56.5ཐག་གཅོད་བྱས་ཤིང5%ཟིན། འཛིན་སྟངས་རིགས་བཞི་པ་སྤྱད་ནས་མི་ཐེངས་ཁྲི48.7ཐག་གཅོད་བྱས་ཤིང4.3%ཟིན། 

“རུལ་སུངས་ལ་རྒོལ་བས་ཏང་བསྐྱབས་པ་དང་། སྤྱོད་ཚུལ་བཞི་ལ་རྒོལ་བས་ཏང་གསར་དར་བྱུང་། དམིགས་བསལ་དབང་ཆར་རྒོལ་བས་ཏང་དམངས་དང་ལས་བྱེད་མང་ཚོགས་ཀྱི་འབྲེལ་བ་ཇེ་ཉེར་བཏང་ཞིང་། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོར་བཏང”ཞེས་ཝང་ཅན་ཞིན་གྱིས་བཤད། 

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ་མི་ཁྲི7.4ཡིས་རང་འགུལ་སྒོས་སྒྲིག་ཁྲིམས་ཞིབ་རྟོག་ལས་ཁུངས་སུ་རང་ཉེས་ངོས་ལེན་བྱས་པ། 

ཝང་ཅན་ཞིན་གྱིས་ངོ་སྤྲད་པ་ལྟར་ན། 2020ལོ་ནས་བཟུང་བསྡོམས་པས་སྒྲིག་ཁྲིམས་ལྟ་རྟོག་གྲོས་གཞི་ཁྲི21.6བཏོན་པ་དང་། གྱོད་དོན་གཅིག་ཞིབ་གཅོད་བྱས་ཚེ་ཡུལ་གཅིག་ལ་ཉེན་བརྡ་བཏང་བ་དང་ཡུལ་ཁོངས་གཅིག་བཅོས་སྐྱོང་བྱས་པའི་ཕྱོགས་བསྡུས་ཕན་འབྲས་མངོན་འགྱུར་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། རྒྱལ་ཡོངས་སུ་བསྡོམས་པས་མི་ཁྲི7.4ཡིས་རང་འགུལ་སྒོས་སྒྲིག་ཁྲིམས་ཞིབ་རྟོག་ལས་ཁུངས་ལ་རང་ཉེས་ངོས་ལེན་བྱས། 

ཝང་ཅན་ཞིན་གྱིས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཁྲོད་རྟིང་ཐག་གཅོད་པའི་རྒྱལ་ཁ་བླངས་པར་མ་ཟད་ཕྱོགས་ཡོངས་སྲ་བརྟན་དུ་བཏང་ཞིང་། གང་ཤེས་རྟོགས་བྱུང་ན་དེ་ཐག་གཅོད་བྱེད་པའི་རྒྱུན་རྣམ་ཅན་གྱི་དུས་རིམ་ལ་སླེབས་ཞེས་བསྟན། 

“ད་ལྟ་ང་ཚོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་དུ་དམག་སྐྱོད་བྱས་པའི་བགྲོད་ལམ་གསར་པར་བསྐྱོད་ཟིན། སྒྲིག་ཁྲིམས་ཞིབ་རྟོག་ལས་ཁུངས་ཀྱིས་སྔར་ལས་ལྷག་པར་ཏང་གི་རང་ཉིད་གསར་བརྗེ་ཁྲོད་ཀྱི་ལས་ཁུར་འགན་འཁྲི་ཡང་དག་པར་ཁོང་དུ་ཆུད་པ་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་གནས་བབ་གསར་པ་དང་འགྲན་སློང་གསར་པར་རང་འགུལ་སྒོས་ཁ་གཏད་འཇལ་བ། རྟག་བརྟན་འགྱུར་མེད་ངང་སྤྱོད་ཚུལ་བཟང་ཞིང་སྒྲིག་ཁྲིམས་དམ་པོས་རུལ་སུངས་ལ་རྒོལ་བ། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་མུ་མཐུད་དུ་ཕན་འབྲས་གསར་པ་ལེན་པར་སྐུལ་ཏེ། ཏང་ནི་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་སྟོབས་ལྡན་མགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་དགོས”ཞེས་ཝང་ཅན་ཞིན་གྱིས་བཤད། 

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ་བསྡོམས་པས་དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི49.6ཞིབ་གཅོད་བྱས་པ། 

ཝང་ཅན་ཞིན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མང་ཚོགས་ཀྱི་དོ་སྣང་ཆེ་བའི་གནད་དོན་ཡོད་ཚད་ལ་གཟབ་ནན་བྱེད་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་ཡོད་ཚད་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་གྱི་སྤྱོད་ཚུལ་དག་ཐེར་བྱས་པ་དང་། མང་ཚོགས་ལ་སྤྱོད་བཟང་སྒྲིག་དམ་སྒོས་རུལ་སུངས་ལ་རྒོལ་བ་རང་གི་ཉེ་འགྲམ་དུ་ཡོད་པ་ཚོར་དུ་བཅུག་སྟེ། ཏང་ལ་བློ་འཁེལ་བ་དང་གོང་བཀུར་ཞུ་ཚད་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ཞེས་བསྟན། 

དེའི་ཁྲོད། མང་ཚོགས་ཉེ་འགྲམ་གྱི“རུལ་སུངས་ཕྲ་མོར”བཅོས་སྐྱོང་ཟབ་མོ་བྱས་པ་དང་། སློབ་གསོ་སྨན་བཅོས་དང་རྒན་གསོ་འགན་བཅོལ། སྐྱེ་ཁམས་ཁོར་ཡུག བདེ་འཇགས་ཐོན་སྐྱེད། ཟས་རིགས་སྨན་རྫས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་མུ་མཐུད་དུ་བཅོས་སྐྱོང་ཡོ་བསྲང་བྱས་ཏེ། དམངས་འཚོ་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ནས་ད་ལོའི་ཟླ4པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་བསྡོམས་པས་དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི49.6ཞིབ་གཅོད་བྱས་ཤིང་། མི་ཁྲི45.6ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་ཆད་པ་བཅད། 

ཝང་ཅན་ཞིན་གྱིས་ངོ་སྤྲད་པ་ལྟར་ན། 2018ལོ་ནས2020ལོའི་བར། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ལོ་གསུམ་གྱི་ཆེད་དོན་བཅོས་སྐྱོང་སྤེལ་བའི་སྐབས་སུ། རྒྱལ་ཡོངས་སུ་བསྡོམས་པས་འབྲེལ་ཡོད་གནད་དོན་ཁྲི28ཞིབ་གཅོད་བྱས་ཤིང་། མི་ཁྲི18.8ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་ཆད་པ་བཅད། 2021ལོར། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱེད་པའི་ཕྱོགས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁྲི1.9ཞིབ་གཅོད་བྱས་ཤིང་། མི་ཁྲི1.7ལ་ཆད་པ་བཅད། 2022ལོའི་ཚུན་ལ། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་ཁྲི1.1ཞིབ་གཅོད་བྱས་ཤིང་། མི་ཁྲི1.1ལ་ཆད་པ་བཅད། 

དེ་མིན། ནག་འབྲེལ་ངན་འབྲེལ་གྱི་རུལ་སུངས་དང“རྒྱལ་རྩར”ཞིབ་སློག་ནན་བཤེར་བྱས། ནག་འཇོམས་ངན་སེལ་དེ་གཞི་རིམ་གྱི“འབུ་སྦྲང་བསྐྲོད་པ”དང་ཟུང་འབྲེལ་བྱེད་པ་དང་། རྒྱབ་རྩར་རྡུང་ཞིང་དྲ་བ་གཏོར་བ་དེ་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་དང་ཟུང་འབྲེལ་བྱས་ཏེ། ནག་འབྲེལ་རྩ་འཛུགས་འཛིན་པར་མ་ཟད་དེའི་རྒྱབ་རྩ་ཡང་བཟུང་ནས། རྒྱབ་རྩར་རྡུང་ཞིང་དྲ་བ་གཏོར་བ་དེ་རྒྱུན་རྣམ་ཅན་དུ་སྐུལ་འདེད་བཏང་། ངོ་སྤྲད་པ་ལྟར་ན། ནག་འཇོགས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བ་ནས་ད་ལོའི་ཟླ4པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་བསྡོམས་པས་ནག་འབྲེལ་ངན་འབྲེལ་གྱི་རུལ་སུངས་དང་རྒྱབ་རྩའི་གནད་དོན་ཁྲི10.1ཞིབ་གཅོད་བྱས་ཤིང་། མི་ཁྲི9.2ཏང་གི་སྒྲིག་ཁྲིམས་སྲིད་དོན་ཆད་པ་བཅད་པ་དང་། མི་ཁྲི1.2ཉེན་རྟོག་ལས་ཁུངས་སུ་བསྐྱལ། 

རང་རྒྱལ་གྱི་འཇོན་མིའི་ཐོན་ཁུངས་སྤྱི་འབོར་དུང་ཕྱུར2.2ལ་སླེབས་པ། 

ཀྲུང་དབྱང་རྩ་འཛུགས་པུའུ་ལས་དོན་ཨུ་ཡོན་ཆི་ཅ་པིན་གྱིས་ངོ་སྤྲད་པ་ལྟར་ན། ལོ་བཅུའི་རིང་ལ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཐད་ཀར་རྩ་འཛུགས་གསོ་སྦྱོང་བྱས་པའི་ལས་བྱེད་པ་ཁྲི21.4ལ་སླེབས་ཡོད། 2021ལོའི་ཟླ12པའི་ཚེས31ཉིན་བར་དུ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སྡོམ་གྲངས་ཁྲི9671.2དང་། གཞི་རིམ་གྱི་ཏང་རྩ་འཛུགས་ཁྲི493.6ཡོད། 

ཆི་ཅ་པིན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོའི་ཏང་གིས་མི་རིགས་བསྐྱར་དར་ཆེད་མུ་མཐུད་འབད་འཐབ་དང་ཏང་ཡོན་དཔུང་ཁག་སྔ་འཛིན་རྗེས་གཏོད་ལ་དམིགས་ནས། ན་གཞོན་ཁྲོད་དུ་ཏང་ཡོན་གསོ་སྐྱོང་བྱ་བ་ལེགས་པར་སྒྲུབ་པ་ལྷུར་བླངས་པ་དང་། ལོ་རེར་ཏང་ཞུགས་སྙན་ཞུ་འབུལ་མཁན་ཁྲི400ཡས་མས་གསར་དུ་བྱུང་། ལོ་རེའི་གསར་དུ་གསོ་སྐྱོང་བྱས་པའི་ལོ35དང་དེའི་མན་གྱི་ཏང་ཡོན80%ལས་བརྒལ་ཡོད། དུས་རབས་གསར་པའི་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། འཛམ་གླིང་གི་འཇོན་མིའི་ལྟེ་བ་གལ་ཆེན་དང་གསར་གཏོད་མཐོ་ས་སྐྲུན་པར་ཇེ་མགྱོགས་སུ་བཏང་། མིག་སྔར། རང་རྒྱལ་གྱི་འཇོན་མིའི་ཐོན་ཁུངས་སྤྱི་འབོར་དུང་ཕྱུར2.2ལ་སླེབས་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།