ཀྲུང་གོ་བོད་ཀྱི་དྲ་བ།

ལོ་བཅུའི་རིང་རིགས་སོ་སོའི་ཕྱི་འགྲིམ་སློབ་མའི80%ལྷག་རྒྱལ་ནང་དུ་ལོག་ནས་འཕེལ་རྒྱས་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སློབ་གསོ་པུའུ་ཡིས་ཚེས20ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2012ལོ་ནས་བཟུང་རང་རྒྱལ་གྱི་རིགས་སོ་སོའི་ཕྱི་འགྲིམ་སློབ་མའི་ཁྲོད་བཅུ་ཆའི་བརྒྱད་ལྷག་སློབ་སྦྱོང་ལེགས་གྲུབ་བྱུང་རྗེས་རྒྱལ་ནང་དུ་ལོག་ནས་འཕེལ་རྒྱས་གཏོང་རྒྱུའི་གདམ་ག་བྱས་ཡོད། 2020ལོ་ནས2021ལོའི་བར་རང་རྒྱལ་དུ་ཐོ་འགོད་བྱས་པའི་རྒྱལ་སྤྱིའི་སློབ་མ་རྣམ་རྒྱལ་ཁབ་དང་ས་ཁུལ195ནས་ཡོང་བ་དང་། སློབ་རྒྱུས་ལྡན་པའི་བསྡུར་ཚད་གྱིས76%ཟིན་ནས2012ལོ་ལས35%འཕར་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ159དང་མཉམ་ལས་བྱས་ཏེ་ཁུང་ཙི་སློབ་གླིང(ཁུང་ཙི་སློབ་ཁང)གཉེར་བ་དང་། རྒྱལ་ཁབ་དང་ས་ཁུལ58དང་སློབ་རྒྱུས་དང་བསླབ་གནས་ཕན་ཚུན་ཁས་ལེན་བྱེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ལོ10ཡི་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སློབ་གསོའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་སློབ་གསོའི་ཁྱབ་ཁོངས་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ལུའུ་པན་བཟོ་ཁང23བསྐྲུན་པ་དང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སློབ་གྲྭ་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་འགོ་ཚུགས་ཡོད།

རྒྱལ་ནང་དུ། སློབ་གསོ་པུའུ་ཡིས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་མོ་ཁུལ་དུ་རྒྱལ་སྤྱིའི་སློབ་གསོའི་དཔེ་སྟོན་ཁུལ་བསྐྲུན་པར་རྒྱབ་སྐྱོར་དང་། འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་རྒྱལ་སྤྱིའི་མཉམ་ལས་སློབ་གསོའི་དཔེ་མཚོན་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་གཅིག་སྡུད་ཁུལ་གཏོད་པར་རྒྱབ་སྐྱོར་བྱས་ལ། ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁར་རྒྱལ་སྤྱིའི་སློབ་གསོ་གསར་གཏོད་གླིང་ཕྲན་བསྐྲུན་པར་རྒྱབ་སྐྱོར་བཅས་བྱས་ཤིང་། པེ་ཅིང་གྲོང་ཁྱེར་དང་མཉམ་ལས་ཐོག་ཕྱི་འགྲིམ་འཇོན་མི་རྒྱལ་ནང་དུ་ཕྱིར་ལོག་བྱེད་པའི་ཞབས་ཞུའི་དཔེ་སྟོན་ཁུལ་བཙུགས་པ་རེད། དབུས་ནུབ་རྒྱུད་ས་ཁུལ་དང་བྱང་ཤར་ས་ཁུལ་གྱིས་ས་བབ་ཀྱི་ལེགས་ཆར་གཞིགས་ནས། མཐའ་སྐོར་རྒྱལ་ཁབ་ཁག་ལ་སློབ་གསོ་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།