ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་མཉམ་དུ2022ལོའི་ལོ་འཁོར་གྱི“དམག་ཁོངས་ནས་བུད་པའི་དམག་མི་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དམག་ཁོངས་ནས་བུད་པའི་དམག་མིའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། དམག་ཁོངས་ནས་བུད་པའི་ཕུལ་བྱུང་དམག་མིའི་གཏམ་རྒྱུད་ཡག་པོ་ཤོད་པ། དམག་ཁོངས་ནས་བུད་པའི་དམག་མིའི་གཟི་བརྗིད་མཚན་སྙན་དང་འགན་འཁྲིའི་བསམ་པ། ལས་འགན་སྒྲུབ་སེམས་བཅས་མུ་མཐུད་འཕེལ་བར་བྱེད་པ་བཅས་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་ཉེ་ཆར2022ལོ་འཁོར་གྱི“དམག་ཁོངས་ནས་བུད་པའི་དམག་མི་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས།

ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་ཁུལ་གྱི་དམག་ཞབས་ཐིམ་པའི་དམག་མི་རིགས་གསུམ་གྱི་འཕྲལ་སྡོམ་རོགས་སྐྱོབ་འགན་ལེན་ཞབས་ཞུའི་རུ་ཁག་ཐུན་མོང་དང་མ་ཡུང་ཆིང་སོགས་སྔོན་ཐོན་མི་སྒེར19ལ2022ལོའི་ལོ་འཁོར་གྱི“དམག་ཁོངས་ནས་བུད་པའི་དམག་མི་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད།

ཁོ་ཚོའི་ཁྲོད་དུ་ལུས་དབང་ཉམས་ཡང་བློ་སྤོབས་མི་ཉམས་པར་འབད་བརྩོན་ལྷོད་མེད་བྱེད་མཁན་དང་། རང་སྟོབས་རང་སྤེལ་དང་གསར་གཏོད་གོང་སྤེལ་གྱི་ལས་བཏོད་དཔེ་ལེགས་ཅན། གཞི་རིམ་དུ་རྩ་བ་ཚུགས་ཤིང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཞི་རིམ་གྱི་ལས་བྱེད་པ། ཡག་ཐོག་ཡག་བརྩེགས་དང་ཕུལ་བྱུང་དོན་གཉེར་བྱེད་པའི་ལག་ཤེས་བཟོ་རྩལ་མཁས་པ། ཁ་དན་ཚིག་གནས་དང་རྒན་བཀུར་གཉེན་གཅེས་ཀྱི་ཀུན་སྤྱོད་དཔེ་བཟང་ཅན། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་སློབ་གསོ་སློབ་སྦྱོང་ལ་དགའ་བའི་དགེ་རྒན་དཔེ་ལེགས་ཅན། ད་དུང་དང་བླངས་སྙིང་སྟོབས་དང་གཅེས་སེམས་དར་སྤེལ་བཏང་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་དཔལ་ཡོན་ཕོ་ཉ་སོགས་ཡོད་པ་དང་། ཁོ་ཚོས་མི་དམངས་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ། མུ་མཐུད་འབད་འཐབ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་བྱས་ནས། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་འབཞག་ཡོད་པས། དམག་ཁོངས་ནས་བུད་ཀྱང་དམག་མིའི་རང་མདངས་མི་བསྒྱུར་བ་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི་ལྷག་བསམ་ཟོལ་མེད་ཀྱི་གཤིས་རྒྱུད་གང་ལེགས་སྒོས་མཚོན་པ་དང་། དམག་ཁོངས་ནས་བུད་པའི་དམག་མིའི་རྒྱལ་གཅེས་འབད་འཐབ་དང་ལས་གནས་ཐོག་བྱས་རྗེས་འཇོག་པའི་དཔའ་ངར་ཆེར་སྐྱེད་ཀྱི་ཉམས་འགྱུར་གང་ལེགས་ཀྱིས་མངོན་ཡོད།

ཁྱབ་སྒྲོག་མཛད་སྒོའི་ཡུལ་དངོས་སུ་བརྙན་རིས་སྟོན་པ་དང་ཕན་ཚུན་སྤེལ་རེས་སོགས་ཀྱི་རྣམ་པ་སྤྱད་དེ། “དམག་ཁོངས་ནས་བུད་པའི་དམག་མི་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་དང་ལས་ཀ་འཚོ་བའི་མྱོང་ཚོར་ལྷུག་པོར་གླེང་བ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཁོ་ཚོར་དཔང་རྟགས་གནང་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།