ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་སྐོར་གྱི་དཔྱད་གླེང་ཚོགས་འདུར་མཛུབ་སྟོན་གལ་ཆེན་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས21ཉིན། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་སྐོར་གྱི་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་སྔོན་ལ་ཡོད་མ་མྱོང་བའི་ཆོད་སེམས་དང་ནུས་ཚད་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་བརྒྱུད་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་དངོས་འབེབ་བྱས་ཤིང་། དུས་ཡུན་རིང་བོར་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་ཐེབས་པའི་ལམ་ལུགས་རང་བཞིན་གྱི་བཀག་རྒྱ་དང་སྒྲིག་གཞི་རང་བཞིན་གྱི་འགལ་ཟླ། ཆབ་སྲིད་རང་བཞིན་གྱི་གནད་དོན་སོགས་ལས་ཐར་བར་བྱས་ཤིང་། རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཐད་བླངས་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གཏིང་ཟབ་དུ་སྤེལ་བ་དང་། མི་དམངས་དམག་དཔུང་གི་སྒྲིག་ཁོངས་གསར་བ་དང་སྒྲིག་གཞི་གསར་བ། རྣམ་པ་གསར་བ། སྣང་བརྙན་གསར་བ་བཅས་ཐོན་པར་བྱས་ཡོད། ནན་ཏན་སྒོས་བཅོས་སྒྱུར་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ལ་སྤྱི་བསྡོམས་དང་། རྣམ་པ་དང་འོས་འགན་གསར་བའི་བླང་བྱ་ཁོང་དུ་ཆུད་པ། དམག་འཁྲུགས་བརྒྱག་པར་གྲ་སྒྲིག་བྱས་ཏེ། གསར་གཏོད་གསར་འབྱེད་བྱེད་ཕོད་པ་དང་། ནན་ནན་ཏིག་ཏིག་སྒོས་བཅོས་སྒྱུར་གྱི་ལས་འགན་དངོས་འབེབ་བྱས་ནས། རྗེས་ཕྱོགས་ཀྱི་བཅོས་སྒྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་། ཧུར་ཐག་སྒོས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་རྣམ་པ་གསར་བ་བསྐྲུན་དགོས་ལ། དམག་དཔུང་བཙུགས་ཏེ་ལོ་འཁོར་བརྒྱ་ལོན་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས། 

ཚོགས་ཐོག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེའང་གིས་རེབ་འདིའི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཐད་བླངས་པའི་ཕན་འབྲས་གལ་ཆེན་དང་ཉམས་མྱོང་ལ་སྤྱི་བསྡོམས་བྱས་པ་མ་ཟད། རྗེས་ཕྱོགས་ཀྱི་བཅོས་སྒྱུར་འཆར་འགོད་བྱ་བར་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིག་ཞ་ཡིས་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་སྐོར་དང་བཅོས་སྒྱུར་ལ་བརྟེན་ནས་དངོས་ཕན་དོན་གཉེར་བྱ་དགོས་པར་བླང་བྱ་བཏོན། 

ཚོགས་ཐོག་ཏུ་ལས་ཁུངས12ཀྱིས་རང་རང་གི་བྱ་བ་དངོས་དང་འབྲེལ་ནས་རེབ་འདིའི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་ནས་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ལི་ཙའོ་ཁྲིན་དང་མེའོ་ཧྭ། ཀྲང་ཧྲིན་མིང་། དམག་ཨུ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་དམག་ཨུའི་མཉམ་འབྲེལ་བཀོད་འདོམས་ལྟེ་གནས། དམག་ཁུལ་སོ་སོ། དམག་རིགས་ཁག་དང་དཔུང་རིགས་ཁག དམག་དོན་ཞིབ་འཇུག་གླིང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།