ཀྲུང་གོ་བོད་ཀྱི་དྲ་བ།

ཚོགས་ཆེན་ཉི་ཤུ་སྤྲོ་བས་བསུ། ལོ་བཅུའི་གྲུབ་འབྲས་གྲངས་ཀས་སྟོན། ཁྲིམས་སྐྱོང་ཀྲུང་གོའི་ལེའུ་གསར་པ་བརྩམས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཡང་བསྐྱར་རིམ་སྤོར་བྱས་པ།

ཡོང་ཁུངས། : ཀྲུང་གོ་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲིམས་སྐྱོང་པ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་ལ། ཁྲིམས་སྐྱོང་པ་སྟོབས་ཞན་ན་རྒྱལ་ཁབ་ཀྱི་ནུས་སྟོབས་ཞན་དུ་འགྱུར་ངེས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས“ཁྲིམས་འཛུགས་ལུགས་མཐུན་དང་། ཁྲིམས་བསྟར་གཟབ་ནན། ཁྲིམས་འཛིན་དྲང་བཞག དམངས་ཡོངས་ཁྲིམས་སྲུང”བཅས་བཏོན་པ་དང་། “ཡིག་འབྲི་བཅུ་དྲུག་གི་བྱེད་ཕྱོགས་གསར་པ”འདི་རང་རྒྱལ་གྱི་དུས་སྐབས་གསར་པའི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི“རྒྱལ་ཁབ་ཀྱི་ཚད་ཤིང་གསར་པར”གྱུར་ཡོད། ལོ་བཅུའི་རིང་ལ། རང་རྒྱལ་གྱི་ཁྲིམས་འཛིན་མ་ལག་གིས་ཁྲིམས་འཛུགས་ལུགས་མཐུན་དང་། ཁྲིམས་བསྟར་གཟབ་ནན། ཁྲིམས་འཛིན་དྲང་བཞག དམངས་ཡོངས་ཁྲིམས་སྲུང་སྐུལ་སྤེལ་ཟབ་མོ་བྱས་པ་དང་། སྔ་རྗེས་སུ་ཁྲིམས་གསར་པ68གཏན་འབེབས་བྱས། དུས་མཚུངས་སུ། ཤིང་རྟའི་སྲོལ་ཕྱེ་བ་ལྟ་བུའི་དོན་སྙིང་ལྡན་པའི《དམངས་དོན་ཁྲིམས་གཞུང》དངོས་སུ་བཀྲམ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་བཏང་བ་དང་། ཁྲིམས་ལེགས་པོ་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་བ་དང་བཅོས་སྐྱོང་ལེགས་པོ་ལ་འགན་སྲུང་བྱས་པས། ཁྲིམས་སྐྱོང་ཀྲུང་གོའི་དཔེ་རིས་སྔར་བས་ཇེ་གསལ་དུ་བཏང་། 

མི་དམངས་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་བཅའ་ཁྲིམས68གསར་དུ་བཟོས།  

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས། “ཀྲུང་གོའི་ལོ་ངོ་བཅུ”ཞེས་པའི་མུ་འབྲེལ་ཁྱབ་སྒྲོག་ཚོགས་འདུའི་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུའུ་ཨན་པེའོ་ཡིས་ངོ་སྤྲད་པ་ལྟར་ན། ཟླ4པའི་ཚེས20ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས34པ་མཇུག་བསྡུས་པའི་བར་དུ། རྒྱལ་ཡོངས་དམངས་ཆེན་སྟེང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས68གསར་དུ་གཏན་འབེབས་བྱས་ཤིང་། ལོ་བཅུ་ཕྲག་སྔོན་མ་དང་བསྡུར་ན་སུམ་ཆའི་གཅིག་གིས་ཇེ་མང་དུ་སོང་འདུག བཅའ་ཁྲིམས234ལ་བཟོ་བཅོས་བྱས་ཤིང་། ཧ་ལམ་ལྡབ་གཉིས་འཕར་ཡོད། འབྲེལ་ཡོད་བཅའ་ཁྲིམས་གནད་དོན་དང་གནད་དོན་གལ་ཆེན་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ99ཡོད་ཅིང་། ལྡབ1.5འཕར་འདུག 

གསར་དུ་གཏན་འབེབས་བྱས་པའི་བཅའ་ཁྲིམས་ཁྲོད། སྤྱི་པའི་རིག་གནས་ཞབས་ཞུ་འགན་སྲུང་བཅའ་ཁྲིམས་དང་གཅིག་སྤྱོད་དཔྱ་ཁྲལ་བཅའ་ཁྲིམས་ཁག་དགུ་སོགས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བ་ཆེན་པོ་ཡོད་པའི་བཅའ་ཁྲིམས་འདུས་ཡོད། 2021ལོ་གཅིག་པུར་མཚོན་ན་ཡང་། རང་རྒྱལ་གྱིས་གཏན་འབེབས་བྱས་པའི་ཁྲིམས་གསར་པ17ལ་སླེབས་ཡོད། དེའི་ཁྲོད། “ས་ཁང་བདག་ཁོངས་ཁྲལ་བསྡུ་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་བ”ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྩ་འཛིན་གྱི་བླང་བྱ་གལ་ཆེན་ཡིན་ལ། ཁྱིམ་ཚང་ཁྲི་མ་འབུམ་གྱི་ཁེ་ཕན་དང་འབྲེལ་བ་ཡོད། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཁྲིམས་འཛུགས་འཕེལ་འགྲོས་ལ་མཚོན་ན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སོ་གཅིག་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཁུལ་ཁ་ཤས་སུ་ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་བཅོས་སྒྱུར་ཚོད་ལྟའི་གནས་ཀྱི་བྱ་བའི་དབང་སྩོལ་སྐོར་གྱི་གཏན་འབེབས་བཟོས་པ་དང་། ཚོད་ལྟའི་དུས་ཡུན་ལོ་ལྔ་ཡིན། 

《དམངས་དོན་ཁྲིམས་གཞུང》ཐོག་མ་བཀྲམ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་བཏོན། 

ལོ་བཅུའི་རིང་ལ། རང་རྒྱལ་གྱི་བཅའ་ཁྲིམས་མ་ལག་ཉིན་བཞིན་འཐུས་ཚང་དུ་གྱུར། དེའི་ཁྲོད་ཆེས་མཚོན་བྱེད་རང་བཞིན་ལྡན་པ་ནི་ཀྲུང་གོ་གསར་པའི་ཁྲིམས་གཞུང་ཞེས་མིང་བཏགས་པའི་གལ་ཆེ་བའི་བཅའ་ཁྲིམས་ཐོག་མ་སྟེ། 《དམངས་དོན་ཁྲིམས་གཞུང》བཟོས་ནས་བཀྲམ་ཞིང་ལག་བསྟར་བྱས། 《དམངས་དོན་ཁྲིམས་གཞུང》ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། དེ་ལས་དམངས་ཁྲོད་ཀྱི་སྒོར་བསྐྱི་བ་དང་བཙན་དབང་། མྱུར་སྐྱོབ་སོགས་གནད་དོན་ཚང་མར་ཁ་གཏད་རང་བཞིན་གྱིས་གཏན་འབེབས་བཟོས་ཏེ། མི་དམངས་ཀྱི་ཁྲིམས་སྐྱོང་དགོས་མཁོ་ལ་ངེས་པ་དོན་གྱིས་ལན་བཏབ་ཡོད། དེ་མིན། རྒྱལ་ཁབ་བདེ་འཇགས་དང་འཕྲོད་བསྟེན་བདེ་ཐང་། སྤྱི་པའི་རིག་གནས་སོགས་ཁྱབ་ཁོངས་གཙོ་བོའི་རྨང་གཞི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། སྤྱི་འདོམས་རང་བཞིན་བཅས་ཀྱི་བཅའ་ཁྲིམས་སྔ་རྗེས་སུ་གཏན་འབེབས་བཟོས་ཏེ་བཏོན་པ་དང་། སྐྱེ་ཁམས་ཁོར་ཡུག་དང་སློབ་གསོ་ཚན་རྩལ་སོགས་ཁྱབ་ཁོངས་གཙོ་བོའི་བཅའ་ཁྲིམས་ལ་མ་ལག་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ནས་བཟོ་བཅོས་བྱས་ཤིང་། དྲ་རྒྱའི་ཆ་འཕྲིན་དང་སྐྱེ་དངོས་བདེ་འཇགས་སོགས་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་ལ། རྒྱལ་ནང་ཁྲིམས་སྐྱོང་དང་ཕྱིར་འབྲེལ་ཁྲིམས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བྱས་པ་དང་། ཕྱིར་འབྲེལ་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་བསྣན་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བར་མངོན་སུམ་གྱི་འཕེལ་འགྲོས་བྱུང་སྟེ། མ་ལག་རང་བཞིན་དང་སྤྱི་ཁོག་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་ལས་ལྷག་པར་ཇེ་དྲག་ཏུ་བཏང་། 

མི་ཐེངས་ཁྲི119ཁྲིམས་འཛུགས་ཀྱི་ལས་ལ་ཞུགས་ཏེ་གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་རྒྱ་བསྐྱེད་པ། 

ལོ་བཅུའི་རིང་ལ། རང་རྒྱལ་གྱི་ཁྲིམས་འཛུགས་ཀྱིས་གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་བླང་བྱ་མཚོན་པར་བྱས་ཤིང་། དེ་ལས་ཆེས་མངོན་གསལ་ལྡན་པ་ནི་བཅའ་ཁྲིམས་འཆར་ཟིན་སྤྱི་ཚོགས་ལ་བསྒྲགས་ནས་བསམ་འཆར་བསྡུ་ལེན་བྱེད་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་པ་དེ་ཡིན། ཞུའུ་ཨན་པེའོ་ཡིས་ངོ་སྤྲད་པ་ལྟར་ན། ལོ་བཅུའི་རིང་ལ། བསྡོམས་པས་བཅའ་ཁྲིམས་འཆར་ཟིན་ཐེངས205ལ་ཀྲུང་གོའི་དམངས་ཆེན་དྲ་ཐོག་ནས་བསྒྲགས་ཏེ་བསམ་འཆར་བསྡུ་ལེན་བྱས་ཤིང་། ཟབ་ཞུགས་མི་ཐེངས་ཁྲི119ལས་བརྒལ་བ་དང་། བསམ་འཆར་ཁྲི350ལྷག་བཏོན་ཡོད། 

གོ་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པར། ཆེས་གལ་ཆེ་བའི་གོ་རིམ་ནི་མི་དམངས་མང་ཚོགས་ཀྱིས་ངེས་པ་དོན་གྱིས་རེག་ཐུབ་ཅིང་མྱོང་ཐུབ་པ་དེ་ཡིན།  འདས་པའི་ལོ་བཅུའི་རིང་ལ། རང་རྒྱལ་ཀྱི་ཁྲིམས་འཛིན་མ་ལག་གིས་གཞི་རིམ་གྱི་མི་དམངས་མང་ཚོགས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ཀྱི་ལས་ལ་ཞུགས་པའི་ཐད་བགྲོད་ལམ་བུ་གཏོད་པར་ལྷུར་བླངས་ཏེ། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་བཙུགས། མིག་སྔར་བར་དུ། རང་རྒྱལ་ཀྱིས་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ས་ཁུལ། ཐད་གཏོགས་གྲོང་ཁྱེར་བཅས་སུ་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས22བཙུགས་པ་དང་། སྡེ་ཁག130ལྷག་གིས་བཅའ་ཁྲིམས་འཆར་ཟིན་འགོད་པར་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་བརྒྱུད་ནས་བསམ་འཆར་བསྡུ་ལེན་བྱས་ཆོག 2019ལོའི་ཟླ11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲང་ཧའེ་ཧུང་ཆའོ་སྲང་ལམ་དུ་གཟིགས་ཞིབ་ལ་ཕེབས་ཏེ་བྱ་བར་མཛུབ་སྟོན་གནང་། འདི་ནི་རང་རྒྱལ་གྱིས་ཅུང་སྔ་མོར་བཙུགས་པའི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཡིན་ཞིང་། ཁོང་གིས“དམངས་ལ་འབྲེལ་བ་དང་དམངས་ཚུལ་བརྟག་པ། དམངས་འདུན་བསྡུ་བའི”སྐོར་གྱི་ནུས་པ་གལ་ཆེན་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། མི་དམངས་དམངས་གཙོ་ནི་གོ་རིམ་ཡོངས་ཀྱི་དམངས་གཙོ་ཞིག་ཡིན་ཞེས་གཏིང་ཟབ་མོས་བསྟན། 

རྒྱལ་ཁབ་བདེ་འཇགས་རིགས་ཀྱི་བཅའ་ཁྲིམས20ལྷག་གཏན་འབེབས་བཟོ་བཅོས་བྱས་ནས་ཁྲིམས་སྐྱོང་འདུ་ཤེས་ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་བརྟན་པོར་ཚུགས། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱིས་རྒྱལ་ཁབ་བདེ་འཇགས་དང་ཐད་ཀར་འབྲེལ་བའི་བཅའ་ཁྲིམས20ལྷག་གཏན་འབེབས་བཟོ་བཅོས་བྱས། 2015ལོར་གཏན་འབེབས་བཟོས་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་སྤྱི་འདོམས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། རྨང་གཞི་རང་བཞིན་བཅས་ཀྱི་ནུས་པ་ལྡན། བཅའ་ཁྲིམས་འདིས་རྒྱལ་ཁབ་བདེ་འཇགས་ཀྱི་མགོ་ཁྲིད་ལམ་ལུགས་གསལ་པོར་བཟོས་པ་དང་། ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་རྒྱལ་ཁོངས་སོགས་ཁྱབ་ཁོངས་སོ་སོའི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་འགན་དང་ལམ་ལུགས་བྱེད་ཐབས་གཏན་འབེབས་བྱས། དེ་མིན། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་བའི་མྱུལ་མར་རྒོལ་བའི་བཅའ་ཁྲིམས་དང་རྒྱལ་ཁབ་གསང་འཕྲིན་བཅའ་ཁྲིམས། གསང་གྲངས་བཅའ་ཁྲིམས་བཅས་དང་། དཔལ་འབྱོར་བདེ་འཇགས་སྲུང་བའི་ཕྱིར་གཏོང་རྩིས་སྤྲོད་དོ་དམ་བཅའ་ཁྲིམས། དམག་དོན་བདེ་འཇགས་སྲུང་བའི་རྒྱལ་སྲུང་བཅའ་ཁྲིམས་དང་དམག་ཁྲལ་བཅའ་ཁྲིམས། མི་དམངས་དྲག་ཆས་ཉེན་རྟོག་བཅའ་ཁྲིམས། དམག་དོན་སྒྲིག་ཆས་སྲུང་སྐྱོང་བཅའ་ཁྲིམས། རྒྱལ་སྲུང་འགྲིམ་འགྲུལ་བཅའ་ཁྲིམས། མཚོ་ཐོག་ཉེན་རྟོག་པའི་བཅའ་ཁྲིམས་སོགས་ཐམས་ཅད་རྒྱལ་ཁབ་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད། གཞན་ཡང་། ཕྱི་རྒྱལ་གྱི་ཁྲིམས་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་བཟོས་ཤིང་བཏོན་ནས། རྒྱལ་ཁབ་ལ་ལའི་རང་རྒྱལ་གྱི་བཀག་སྡོམ་ལ་ཁ་གཏད་ཕྱིར་སྡོམ་བྱས། ཞང་ཀང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་བཟོས་ཏེ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་ཆ་ཚང་བཙུགས། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཟླ12པའི་ཚེས4ཉིན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་གཏན་འཁེལ་བྱས། རྩ་ཁྲིམས་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱས་པ་སོགས་ལམ་ལུགས་དང་བྱེད་ཐབས་རབ་དང་རིམ་པར་གྲོས་འཆམ་བྱུང་ནས། རྩ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རྩ་ཁྲིམས་འདུ་ཤེས་ཁྱབ་གདལ་གཏོང་བ། རྩ་ཁྲིམས་ལག་བསྟར་ལ་ཤུགས་སྣོན་པ་བཅས་ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་རྩ་བ་ཚུགས་པར་བྱས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།