ཀྲུང་གོ་བོད་ཀྱི་དྲ་བ།

ལོ10ཡི་རིང་རང་རྒྱལ་དུ་འཛམ་གླིང་ཤུལ་བཞག་ཁག15གསར་དུ་འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་ངོ10ཡི་རིང་། རང་རྒྱལ་དུ་འཛམ་གླིང་ཤུལ་བཞག་ཁག15གསར་སྣོན་བྱས་པ་དང་། རྣམ་གྲངས6མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་མིང་གཞུང་དང་མིང་ཐོའི་ནང་ཚུད་ལ། ཚད་ལྡན་ཡིག་ཆའི་ཤུལ་བཞག་ཁག6《འཛམ་གླིང་དྲན་ཤེས་མིང་གཞུང》ནང་ཚུད་པ་དང་། ས་གཤིས་སྤྱི་གླིང15མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ནང་ཞུགས་ཤིང་། སྐྱེ་དངོས་རིགས་ཀྱི་སྲུང་སྐྱོང་ཁུལ5འཛམ་གླིང་སྐྱེ་དངོས་རིགས་ཀྱི་སྲུང་སྐྱོང་ཁུལ་ནང་ཚུད་ཡོད།

གཞི་གྲངས་འདི་དག་ནི་གསར་འགོད་པས་སློབ་གསོ་པུའུ་ཡིས་ཟླ9པའི་ཚེས20ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་ལས་བྱས་ཏེ་ལེའུ་གསར་པ་བརྩམས་ནས་གོ་ལ་ཧྲིལ་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅོས་སྐྱོང་ནང་ཞུགས་ཏེ་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པ་དང་། རྒྱལ་ནང་གི་སློབ་གསོ་དང་ཚན་རིག རིག་གནས། ཆ་འཕྲིན་བརྒྱུད་སྤེལ་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པར་འཕེལ་རིམ་གསར་པ་བྱུང་ཡོད།

1663722784380367.jpg

2021ལོའི་ཟླ7པའི་ཚེས25ཉིན། ཧྥུའུ་ཀྲོའུ་རུ་འཚོགས་པའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས44པའི་ཐོག“ཆོན་ཀྲོའུ་ཏེ། སུང་ཡོན་དུས་སྐབས་ཀྱི་ཀྲུང་གོའི་འཛམ་གླིང་རྒྱ་མཚོའི་ཚོང་དོན་ལྟེ་གནས”ཀྱི་རྣམ་གྲངས་ལ་གྲོས་ཞིབ་བྱེད་བཞིན་པའི་ཚུལ་རེད། 

ལོ་ངོ10ཡི་རིང་། རང་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་ལས་བྱས་ཏེ། ཀྲུང་གོར་རིགས་གཉིས་ཀྱི་ལྟེ་གནས10བཙུགས་པ་དང་། སློབ་གསོ་དང་ཚན་རིག རིག་གནས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སློབ་གནས་དང་འབྲེལ་ཡོད་སློབ་ཆེན་གྱི་དྲ་རྒྱ12བཙུགས་ཏེ། འབྲེལ་ཡོད་ཆེད་ལས་ཁྱབ་ཁོངས་སུ་ཞིབ་འཇུག་དང་གསོ་སྦྱོང་གི་བྱེད་སྒོ་ཧུར་ཐག་གིས་སྤེལ་ཡོད།

ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཆིན་ཁྲང་ཝུའེ་ཡིས། རང་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་ལས་བྱས་ནས་བཙུགས་པའི་བྱིས་པ་དང་བུད་མེད་ཀྱི་སློབ་གསོའི་བྱ་དགའ་དང་། ཁུང་ཙི་སློབ་གསོའི་བྱ་དགའ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་སློབ་གསོ་གསར་གཏོད་ཀྱི་རིག་གནས་གསར་པའི་བྱ་དགའ་སོགས་བྱ་དགའི་རྣམ་གྲངས་ཀྱིས་སློབ་གསོ་ཐོབ་དབང་དང་ལྷག་པར་དུ་བྱིས་པ་དང་བུད་མེད་ཀྱི་སློབ་གསོ་ཐོབ་དབང་ལ་འགན་ལེན་བྱས་ནས། ཚེ་གང་སློབ་སྦྱོང་དང་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་གཏོད་པ་སོགས་ཀྱི་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་ཉིན་རེ་བཞིན་ཆེ་རུ་འགྲོ་བར་སྐུལ་མ་ཐེབས་ནས། དཔེ་སྟོན་གྱི་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་ངོ་སྤྲོད་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།