ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ཞུའི་ནང་མངོན་པ་ལྟར་ན་ཉེ་བའི་ལོ་བཅུའི་རིང་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་རེར་ཆ་སྙོམས་ཀྱིས7.4%འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས20ཉིན་ཡོངས་བསྒྲགས་བྱས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྙན་ཞུ་རབ་དང་རིམ་པ་ལས་མངོན་པ་ལྟར་ན། འགྱུར་མེད་རིན་གོང་ལྟར་བརྩིས་ན། 2013ལོ་ནས2021ལོ་བར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་རེར་ཆ་སྙོམས་ཀྱིས7.4%འཕར་བ་དེ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)དང་ཐོན་ལས་གཉིས་པའི་རིན་ཐང་འཕར་མའི་ལོ་རེར་ཆ་སྙོམས་ཀྱི་འཕར་ཚད་བརྒྱ་ཆའི་གྲངས0.8དང1.4ལས་མཐོ་བ་ཡོད།

སྙན་ཞུར་གཞིགས་ན། 2012ལོ་ནས2019ལོའི་བར། ཞབས་ཞུའི་ལས་རིགས་ཀྱིསGDPལ་ལེགས་སྐྱེས་འབུལ་ཚད45%ནས63.5%བར་འཕར་ནས་བརྒྱ་ཆའི་གྲངས18.5མཐོ་རུ་ཕྱིན་ཡོད། 2020ལོར་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཕོག་ནས་གཅིག་སྡུད་རང་བཞིན་དང་རེག་ཐུག་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད46.3%བར་ཆག་མོད། འོན་ཀྱང་སྔར་བཞིན་ཐོན་ལས་གསུམ་པའི་ཨང་དང་པོ་ཟིན་ཡོད། 2021ལོར་ལེགས་སྐྱེས་འབུལ་ཚད54.9%བར་འཕར་ནས། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་བརླིང་ངང་སླར་གསོ་ཐུབ་རྒྱུར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད།

ཞབས་ཞུའི་ལས་རིགས་ཀྱི་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་། 2021ལོར་ཆ་འཕྲིན་བརྒྱུད་གཏོང་དང་མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་བཅས་དང་། དངུལ་རྩའི་ལས་རིགས། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མས་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད་ཁྲོད་སོ་སོར7.2%དང15%། 5.8%བཅས་ཟིན་པ་དེ2012ལོ་ལས་སོ་སོར་བརྒྱ་ཆའི་གྲངས2.3དང0.6། 1.4བཅས་མཐོ་རུ་ཕྱིན་ཡོད། 2013ལོ་ནས2021ལོའི་བར། གཞི་ཁྱོན་ཡན་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུ་དང་མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་སོ་སོར30.1%དང་19.5%ཟིན་པ་དང་། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས11.9%ཡི་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད་ལས་ཆེས་ཆེར་བརྒལ་ཡོད།

ཞབས་ཞུའི་ལས་རིགས་ཀྱི་སྒུལ་ནུས་གསར་པའི་བཀྲག་མདངས་འཚེར་ས་མང་པོ་ཐོན་ཡོད། 2021ལོར་རྒྱལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི42ཟིན་པ་དང་། 2013ལོ་ནས་2021ལོའི་བར་ལོ་རེར་ཆ་སྙོམས་ཀྱིས20.3%འཕར་ཡོད། 2015ལོ་ནས2021ལོའི་བར། དྲ་ཐོག་དངོས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས་ཀྱིས25.4%འཕར་བ་དེ་སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས17.5གྱིས་མཐོ་བ་རེད། 2021ལོར་དངོས་ཟོག་གི་དྲ་ཐོག་སིལ་ཚོང་བསྡོམས་འབོར་གྱིས་སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་གྱི་བསྡུར་ཚད་ཁྲོད24.5%བཟུང་བ་དེ2014ལོ་ལས་བརྒྱ་ཆའི་གྲངས15.3འཕར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།