ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་འགན་སྒྲུབ་ལས་ཁུངས་ཀྱི་གཟེངས་རྟགས་ཐོབ་པའི་འཐུས་མིར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་འགན་སྒྲུབ་ལས་ཁུངས་ཀྱི་གཟེངས་རྟགས་ཐོབ་པའི་འཐུས་མིར་ཐུག་འཕྲད་གནང་བ་མ་ཟད་གསུང་བཤད་གནང་།

ཟླ9བའི་ཚེས20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་འགན་སྒྲུབ་ལས་ཁུངས་ཀྱི་གཟེངས་རྟགས་ཐོབ་པའི་འཐུས་མིར་ཐུག་འཕྲད་གནང་བ་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་བསྟན་དོན། གྲོས་གཞིའི་ལས་དོན་ནི་མི་དམངས་སྲིད་གྲོས་ཀྱི་རྨང་གཞི་རང་བཞིན་གྱི་ལས་དོན་ཞིག་དང་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚུན་དུ། རྒྱལ་ཡོངས་སྲིད་གྲོས་ཀྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་གྲོས་གཞིའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་གྲོས་གཞིའི་ལས་དོན་ལ་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བར་ཧུར་ཐག་སྒོས་བྱས་རྗེས་འཇོག་དགོས། སྲིད་གྲོས་ཀྱི་གྲོས་གཞི་བྱ་བའི་ཐད“གྲོས་འདོན”གྱི་འདུ་ཤེས་འབུར་དུ་ཐོན་དགོས་ལ། གྲོས་མོལ་དེ་གྲོས་གཞི་བྱ་བའི་ཁྲོད“གྲོས་འདོན་དང་འཛུགས་པ། སྒྲུབ་པ། ལྟ་སྐུལ། དཔྱད་འཇོག”བཅས་ཀྱི་ལས་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། “སྤུས་ཚད”ཀྱི་བླང་བྱ་ཤུགས་ཆེར་བཏང་སྟེ་གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་སྒྲུབ་པའི་སྤུས་ཚད། ཞབས་ཞུའི་སྤུས་ཚད་བཅས་ཕྱོགས་གསུམ་ནས་མཉམ་སྒྲུབ་ཤུགས་འདོན་བྱས་པས་གྲོས་གཞི་བྱ་བའི་སྤྱི་ཡོངས་ཀྱི་ཕན་ནུས་མངོན་གསལ་སྒོས་མཐོར་འདེགས་སུ་བཏང་། “སྒྲུབ་པའི”འགྲིལ་ཤུགས་གཅིག་འདུ་བྱེད་པ་དང་། གྲོས་འདོན་དང་ལས་སྒྲུབ་ཕྱོགས་གཉིས་ཀའི་གཞོགས་འདེགས་དམ་ཟབ་བྱེད་པར་སྐུལ་འདེད་དང་ལྟ་སྐུལ་མཉམ་འགུལ་ལ་ཤུགས་སྣོན་བཏང་། “བཟོ་བའི”བྱེད་ནུས་ལེགས་བཅོས་བྱས་ཏེ་གྲོས་གཞིའི་བྱ་བའི་སྲོལ་ཡིག་གིས་སྣེ་ཁྲིད་བྱེད་པའི་བྱ་བའི་སྒྲིག་གཞི་མ་ལག་འཐུས་ཚང་དུ་བཏང་བ་མ་ཟད། གྲོས་གཞི་བྱ་བ་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་གྱི་ཆུ་ཚད་ལ་སླེབས་པར་མཐོར་འདེགས་སུ་བཏང་བ་རེད།

ཝང་དབྱང་གིས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་སྲིད་གྲོས་ཀྱི་གྲོས་གཞི་བྱ་བར་སྐུལ་འདེད་བཏང་ཞིང་། དམངས་ཀྱི་འདོད་བློ་མཚོན་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་སྐུལ་འདེད་གཏོང་བ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་ཆེད་སྔར་ལས་བྱས་རྗེས་མི་དམན་པ་འཇོག་དགོས་ཞེས་ནན་གྱིས་གསུང་། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལི་པིན། ཧྲའོ་ཧུང་བཅས་ཐུག་འཕྲད་ཁྲོད་ཞུགས་པ་རེད། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་གྲོས་གཞི་དང་སྔོན་ཐོན་སྒྲུབ་འགན་སྒྲུབ་ལས་ཁུངས་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ཚེས20ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་འཚོགས་ཤིང་། ཕུལ་བྱུང་གྲོས་གཞི248དང་སྔོན་ཐོན་གྱི་འགན་སྒྲུབ་ལས་ཁུངས46ལ་གཟེངས་བསྟོད་ཐོབ་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།