ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གནད་བསྡུས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པར་དངོས་པོའི་དཔལ་ཡོན་ཆེས་ཆེར་འཕེལ་རྒྱས་གཏོང་དགོས་ལ། བསམ་པའི་དཔལ་ཡོན་ཡང་ཆེས་ཆེར་འཕེལ་རྒྱས་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཚད་མཐོའི་མཐོང་ཆེན་དང་འཛུགས་སྐྲུན་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ་མཐའ་འཁྱོངས་བྱེད་པ། གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དང་གསར་བརྗེའི་རིག་གནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་གོ་རྟོགས་རྒྱས་པར་བྱེད་པ་དང་ཤེས་རིག་གི་བློ་སྟོབས་འཕེལ་བ་བཅས་ཀྱི་གོ་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་རིམ་པ་མང་བ། ཕྱོགས་མང་པོ་བཅས་ཀྱི་བསམ་བློ་དང་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་དང་། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་ཀུན་སྤྱོད་ཀྱི་ཆུ་ཚད། དཔལ་ཡོན་གྱི་བྱང་ཚད། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་སྔར་ལས་རྒྱས་པར་བྱེད་པ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཁྱབ་ཁོངས་ལ་ཕྱོགས་ཡོངས་དང་གཏིང་ཟབ། རྩ་བའི་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཡིད་ཆེས་ཆེ་རུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་གོང་བུ་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་ཆེས་ཆེར་མཐོར་འདེགས་སུ་གཏོང་བ། ཏང་དང་རྒྱལ་ཁབ། མི་དམངས། དམག་དཔུང་། ཀྲུང་ཧྭ་མི་རིགས་བཅས་ཀྱི་སྣང་བརྙན་གསར་བསྒྱུར་བྱས།

བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཐད་ཤུགས་སྣོན་དགོས་པའི་སྐོར་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དེས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་ཁྱད་ཆོས་དང་ཆོས་ཉིད་གསལ་སྟོན་གནང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་སྐོར་གྱི་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་གོང་སྤེལ་དུ་གཏོང་བ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ལེགས་སྤེལ་དང་སློབ་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་གལ་ཆེན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཕུགས་བསམ་དང་དད་སེམས་སྐྱེད་པའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ། དཔལ་ཡོན་ལག་བསྟར་དང་དཔལ་ཡོན་སྐྱེད་སྲིང་། དཔལ་ཡོན་སྲོལ་གཏོད་བཅས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་གཏོང་བ་དང་མི་དམངས་ཀྱི་བསམ་པའི་འཚོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མདུན་སྐྱོད་གསར་བར་འབད་པས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པར་བསམ་བློའི་ཁག་ཐེག་དང་བསམ་པའི་སྒུལ་ཤུགས། ཀུན་སྤྱོད་ལེགས་བསྒྱུར། རིག་གནས་ཆ་རྐྱེན་བཅས་འདོན་སྤྲོད་བྱེད་པར་སྣེ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།

《རྣམ་བཤད་གནད་བསྡུས》ལ་བསྡོམས་པས་ཆེད་དོན10རུ་དབྱེ་ཞིང་རྣམ་བཤད་ཚན་པ512ཀྱིས་གྲུབ། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ11པའི་ཚེས17ཉིན་ནས2022ལོའི་ཟླ6པའི་ཚེས8ཉིན་བར་སྤེལ་བའི་སྙན་ཞུ་དང་གཏམ་བཤད། གསལ་བཤད། གཏམ་གླེང་། ཤིས་འཕྲིན། མཆན་བཀོད་མཛུབ་སྟོན་བཅས་ཀྱི་རྩོམ་ཡིག་གལ་ཆེན240བཏུས་ཡོད། དེ་ལས་ཁག་གཅིག་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།