ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ལས་བྱེད་མི་སྣ་བསྐོ་འཐེན་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ལས་བྱེད་མི་སྣ་བསྐོ་འཐེན་བྱས་པ་སྟེ།

ཀྲའོ་ཧྲི་ཐང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས་པ་དང་། ཝང་ཡུང་ཕིང་པེ་ཅིང་མཁའ་བསྐྱོད་མཁའ་འགྲུལ་སློབ་ཆེན་གྱི་སློབ་གཙོར(པུའུ་ཀྲང་གཞོན་པ་རིམ་པ)བསྐོས། ལི་ཅན་ཁྲིན་ཀྲུང་ནན་སློབ་ཆེན་གྱི་སློབ་གཙོར(པུའུ་ཀྲང་གཞོན་པ་རིམ་པ)བསྐོས།

ལིའུ་ཧུའེ(མོ)ཡི་རྒྱལ་ཁབ་མི་རིགས་དོན་གཅོད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཞུའུ་ཧུའེ་པིན་གྱི་པེ་ཅིང་མཁའ་བསྐྱོད་མཁའ་འགྲུལ་སློབ་ཆེན་གྱི་སློབ་གཙོའི་གོ་གནས་ཕྱིར་འཐེན་ལ། ཐེན་ཧུང་ཆིའི(མོ)ཀྲུང་ནན་སློབ་ཆེན་གྱི་སློབ་གཙོའི་གོ་གནས་ཕྱིར་འཐེན་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།