ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱ་འགུལ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ddc4b9f3-30df-4b56-b83d-a9ea8030b967.jpg

འདི་ནི་ཟླ9བའི་ཚེས15ཉིན་སློབ་མ་རྣམས་ཀྱིས་ཨན་ཧྭེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་གྱི་ཚན་རྩལ་ཁང་དུ་ཚན་རིག་ཁྱབ་གདལ་སྒྲིག་ཆས་ལ་རོལ་མྱོང་བྱེད་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཏང་གི་ཚོགས་ཆེན་ཉི་ཤུ་བར་དགའ་བས་བསུས་ཏེ། ཚན་རྩལ་ཁྱབ་གདལ་གྱིས་འབྱུང་འགྱུར་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི2022ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱ་འགུལ་ཚེས15ཉིན་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་སྤེལ་མགོ་ཚུགས་པ་དང་། བྱ་འགུལ་དེ་ཟླ9བའི་ཚེས21ཉིན་བར་སྤེལ་རྒྱུ་རེད། ད་ལོ་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོར་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་། གཞི་རིམ་ལ་ཁ་ཕྱོགས་པའི་དགོས་མཁོ། ཞབས་ཞུ་གསར་གཏོད་འཕེལ་རྒྱས། བྱང་ཚད་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་ཚན་རྩལ་ཁྱབ་གདལ་བྱ་འགུལ་རབ་དང་རིམ་པ་རྒྱ་ཁྱབ་པའི་ངང་སྤེལ་རྒྱུ་རེད།

2022ལོའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཉིན་མོའི་པེ་ཅིང་ཚོགས་ར་གཙོ་བོའི་བྱ་འགུལ་དེ་ཀྲུང་གོ་ཚན་རྩལ་ཁང་ཁུལ་གྱི་བྱ་འགུལ་དང་པེ་ཅིང་ཚན་རིག་ལྟེ་གནས་ཀྱི་བྱ་འགུལ་ལས་གྲུབ་ཡོད། ཀྲུང་གོ་ཚན་རྩལ་ཁང་གི་བྱ་འགུལ་ཁྲོད“ཏང་གི་ཚོགས་ཆེན་ཉི་ཤུ་དགའ་བས་བསུ། ཡར་བརྩོན་རྒྱང་སྐྱོད་ལམ་བུ་གསར་བ་རྩོམ”དང“ཚན་རྩལ་ཁྱབ་གདལ་གྱིས་རྒྱལ་ཁབ་སྟོབས་ཆེན་ལ་འདེགས་སྐྱོར་བྱེད་པའི་ཕུགས་འདུན”། “ལོ་བཅུའི་རིང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་པ”“དུས་རབས་གསར་པའི་ཚན་རིག་ཁྱབ་གདལ་གྱི་ལག་ལེན་གསར་གཏོད་བྱེད་པ”། “ཚན་རྩལ་ཁྱབ་གདལ་བྱ་གཞག་གི་འཕེལ་རྒྱས་གསར་པ་མུ་མཐུད་འབད་འཐབ་བྱེད”སོགས་འདུས། སྤེལ་རེས་འགྲེམས་དངོས་དང་དངོས་པོའི་དཔེ་དབྱིབས་སོགས་རྣམ་པ་བརྒྱུད་ཏང་གི་མགོ་ཁྲིད་འོག་རང་རྒྱལ་གྱི་ཚན་རིག་ཁྱབ་གདལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་གཏོང་བའི་གསོན་ཉམས་དོད་པའི་ངང་འཕེལ་རྒྱས་གཏོང་བའི་ལས་དོན་དང་། དུས་རབས་གསར་པའི་ངང་འཕེལ་རྒྱས་གཏོང་བའི་ལས་དོན་དང་དུས་རབས་གསར་པའི་གྲུབ་འབྲས། ཏང་ལ་ཞབས་འདེགས་ཞུ་བའི་ལས་དོན། ཏང་སྟོབས་ཆེན་དུ་གཏོང་བའི་གྲུབ་འབྲས་གསར་བ། དུས་རབས་གསར་པའི་ཚན་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཞབས་ཞུ་སྒྲུབ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་མཚོན་ཡོད།

པེ་ཅིང་གི་ཚོགས་ར་གཙོ་བོའི་བྱ་འགུལ་དང་པུའུ་ཨུའི་ཚོགས་ར་གཙོ་བོའི་བྱ་འགུལ། ཞིང་ཆེན་རིམ་པའི་ཚོགས་ར་གཙོ་བོའི་བྱ་འགུལ། “དྲ་ཐོག་གི་ཚན་རིག་ཁྱབ་གདལ་ཉིན་མོའི”བྱ་འགུལ། ལྷག་པར་དུ་ཞུགས་མཁན་ལས་ཁུངས་ཀྱི་ཆེད་དོན་ཚན་རྩལ་ཁྱབ་གདལ་བྱ་འགུལ་བཅས་ཕུད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་པུའུ་ཨུའི་ཁོངས་གཏོགས་མཉམ་འབྲེལ་བྱ་སྤྱོད་དང་། ཚན་རིག་ཁྱབ་གདལ་མཉམ་འབྲེལ་བྱ་སྤྱོད། རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང་གི་མཉམ་འབྲེལ་བྱ་སྤྱོད། ཚན་རིག་ཁྱབ་གདལ་གཡུལ་ས་མཉམ་འབྲེལ་བྱ་སྤྱོད། ཞིང་ལས་ཚན་རྩལ་མཐུན་ཚོགས་ཀྱི་མཉམ་འབྲེལ་བྱ་སྤྱོད། ཁེ་ལས་ཚན་རྩལ་མཐུན་ཚོགས་ཀྱི་མཉམ་འབྲེལ་བྱ་སྤྱོད་སོགས་ཚན་རྩལ་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

ད་ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་དྲ་ཐོག་བྱེད་སྒོའི་ལས་སྟེགས་ཀྱིས་ཀྱང་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཚན་རྩལ་ཁྱབ་གདལ་བྱ་འགུལ་གཅིག་བསྡུས་ངང་འགྲེམས་སྟོན་བྱ་རྒྱུ་དང་། ཡུལ་དངོས་སུ་ཐད་གཏོང་དང་། དྲ་ཐོག་ལུས་རྩལ་ཁང་། ཤེས་བྱ་འགྲན་བསྡུར། ཚན་རིག་ཁྱབ་གདལ་སློབ་ཁང་སོགས་རྣམ་པ་སྣ་ཚོགས་བརྒྱུད་རིགས་ཁག་གི་ཚན་རིག་ཁྱབ་གདལ་ཐོན་ཁུངས་ཁྱོན་ཡོངས་ནས་མངོན་པ་བྱ་རྒྱུ་མ་ཟད། སྤྱི་དམངས་ཀྱི་ཚན་རིག་ཁྱབ་གདལ་ཉམས་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད།

ད་ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་དེ་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། སློབ་གསོ་པུའུ། ཚན་རྩལ་པུའུ། རྒྱལ་ཁབ་རྡུལ་ཕྲན་ནུས་པའི་སྒྲིག་གཞི་སོགས་སྡེ་ཚན18ཀྱིས་མཉམ་དུ་སྤེལ་བ་རེད། རྒྱུས་ལོན་ལྟར་ན། 2004ལོ་ནས་བཟུང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ལོ18བསྟུད་མར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དང་། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་རིང་བསྡོམས་པས་གཙོ་གནད་ཚན་རིག་ཁྱབ་གདལ་བྱ་འགུལ་ཐེངས་ཁྲི32.2ལྷག་སྤེལ་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།