ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པེ་ཅིང་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”དགེ་འོས་སློབ་མར་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་ནས་འབད་བརྩོན་ཆེན་པོས་ཏང་དང་མི་དམངས་བློ་ཡིད་ཚིམ་པའི“བཞི་ལྡན”གྱི་དགེ་རྒན་ཡག་པོ་ཞིག་བྱེད་དགོས།

རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས།

འཕྲིན་ལན།

པེ་ཅིང་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”སློབ་མ་ཚོ།

ལྷན་རྒྱས་སྐུ་ཁམས་བཟང་། ཡི་གེ་འབྱོར་བྱུང་། སློབ་གྲྭར་ཞུགས་ནས་ལོ་གཅིག་སོང་རིང་། ཁྱེད་ཚོས་སློབ་ཁང་དུ་སློབ་སྦྱོང་དང་སློབ་གསོར་རྒྱབ་སྐྱོར་བྱེད་པའི་ལག་ལེན་བརྒྱུད་ཤེས་རྒྱ་ཆེ་རུ་ཕྱིན་པ་དང་མཐོང་རྒྱ་ཇེ་ཡངས་སུ་ཕྱིན་ནས། གཞི་རིམ་གྱི་དཔེ་ཁྲིད་མི་སྐྱོང་གི་དད་སེམས་སྲ་བརྟན་དུ་བཏང་བས་ང་རང་ཧ་ཅང་དགའ་པོ་བྱུང་ཡོད། པེ་ཅིང་དགེ་འོས་སློབ་ཆེན་བཙུགས་ནས་ལོ་ངོ120འཁོར་བའི་སྐབས་འདིར། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

པེ་ཅིང་དགེ་འོས་སློབ་གྲྭ་ཆེན་མོ་ནི་རང་རྒྱལ་གྱི་ཆེས་སྔ་བའི་དེང་རབས་དགེ་འོས་སློབ་གསོའི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ཞིང་། རྒྱལ་ཁབ་ལ་ཕུལ་བྱུང་དགེ་རྒན་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཁྱེད་ཚོས“ཡོན་ཏན་གྱིས་སློབ་མ་སྐྱོང་བ་དང་བྱ་སྤྱོད་ཀྱིས་གཞན་དཔེ་སྟོན་པའི”སློབ་གྲྭའི་གདམ་ཚིག་མུ་མཐུད་དུ་རྒྱུན་འཛིན་གྱིས། དུས་ཚོད་ལ་གཅེས་སྤྲས་དང་སྙིང་རུས་ཆེན་པོས་སློབ་སྦྱོང་། ཀུན་སྤྱོད་ལ་ཞུན་བརྡར་བཅས་བྱས་ཏེ་རིག་གནས་བརྒྱུད་སློབ་དང་དོགས་སེལ་གྱི་འཇོན་ཐང་ཆེ་རུ་བཏང་ནས། སློབ་མཐར་ཕྱིན་རྗེས་མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་ཏང་དང་མི་དམངས་བློ་ཡིད་ཚིམ་པའི“བཞི་ལྡན”གྱི་དགེ་རྒན་ཡག་པོ་ཞིག་ཏུ་འགྱུར་བར་ཧུར་ཐག་བྱས་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

དགེ་རྒན་དུས་ཆེན་འཆར་ཉེར་ཡོད་པས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ།

ཞི་ཅིན་ཕིང་།

2022ལོའི་ཟླ9པའི་ཚེས7ཉིན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”དགེ་འོས་སློབ་མར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཐུགས་རེ་ཟབ་མོ་གནང་བ་མ་ཟད། པེ་ཅིང་དགེ་འོས་སློབ་ཆེན་བཙུགས་ནས་ལོ་ངོ120འཁོར་བ་དང་དགེ་རྒན་དུས་ཆེན་ཐེངས་སོ་བརྒྱད་པ་འཆར་ཉེའི་སྐབས་སུ་སློབ་གྲྭ་དེའི་དགེ་སློབ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། སློབ་གྲྭར་ཞུགས་ནས་ལོ་གཅིག་སོང་རིང་། ཁྱེད་ཚོས་སློབ་ཁང་དུ་སློབ་སྦྱོང་དང་སློབ་སྐྱོར་གྱི་ལག་ལེན་བྱས་པ་བརྒྱུད། ཤེས་རྒྱ་ཆེ་རུ་ཕྱིན་པ་དང་མཐོང་རྒྱ་ཇེ་ཡངས་སུ་ཕྱིན་ནས། གཞི་རིམ་གྱི་དཔེ་ཁྲིད་མི་སྐྱོང་གི་དད་སེམས་སྲ་བརྟན་དུ་ཕྱིན་པར་ང་རང་ཧ་ཅང་དགའ་པོ་བྱུང་ཡོད་ཟེར།

ཞི་ཅིན་ཕིང་གིས། པེ་ཅིང་དགེ་འོས་སློབ་གྲྭ་ཆེན་མོ་ནི་རང་རྒྱལ་གྱི་ཆེས་སྔ་བའི་དེང་རབས་དགེ་འོས་སློབ་གསོའི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ཞིང་། རྒྱལ་ཁབ་ལ་ཕུལ་བྱུང་དགེ་རྒན་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཁྱེད་ཚོས“ཡོན་ཏན་གྱིས་སློབ་མ་སྐྱོང་བ་དང་བྱ་སྤྱོད་ཀྱིས་གཞན་དཔེ་སྟོན་པའི”སློབ་གྲྭའི་གདམ་ཚིག་མུ་མཐུད་དུ་རྒྱུན་འཛིན་གྱིས། དུས་ཚོད་ལ་གཅེས་སྤྲས་དང་སྙིང་རུས་ཆེན་པོས་སློབ་སྦྱོང་། ཀུན་སྤྱོད་ལ་ཞུན་བརྡར་བཅས་བྱས་ཏེ་རིག་གནས་བརྒྱུད་སློབ་དང་དོགས་སེལ་གྱི་འཇོན་ཐང་ཆེ་རུ་བཏང་ནས། སློབ་མཐར་ཕྱིན་རྗེས་མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་ཏང་དང་མི་དམངས་བློ་ཡིད་ཚིམ་པའི“བཞི་ལྡན”གྱི་དགེ་རྒན་ཡག་པོ་ཞིག་ཏུ་འགྱུར་བར་ཧུར་ཐག་བྱས་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན།

2021ལོ་ནས་བཟུང་རྒྱལ་ཁབ་ཀྱིས“དབུས་ནུབ་རྒྱུད་ཀྱི་འཕེལ་རྒྱས་དལ་བའི་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་གནས་ངེས་གསོ་སྐྱོང་འཆར་གཞི”ལག་ལེན་བསྟར་མགོ་བཙུགས་ཏེ། སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་འོས་སློབ་ཆེན་དང་ས་གནས་དགེ་འོས་སློབ་གླིང་གིས་ཁ་ཕྱོགས་གཏན་འཁེལ་གྱི་བྱེད་ཐབས་སྤྱད་ནས། ལོ་རེར་དབུལ་སྒྲོལ་རྫོང་དང་དབུས་ནུབ་རྒྱུད་ཀྱི་སྐམ་སའི་མཐའ་མཚམས་རྫོང་གི་སློབ་གྲྭ་འབྲིང་ཆུང832ལ་དགེ་འོས་སློབ་མ་ཁྲི1ཙམ་གསོ་སྐྱོང་བྱས། ཉེ་ཆར། པེ་ཅིང་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”དགེ་འོས་སློབ་མའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་གྲྭར་ཞུགས་ཚུན་གྱི་སློབ་སྦྱོང་གྲུབ་འབྲས་སྙན་སེང་ཞུས་ནས་སློབ་གྲྭ་མཐར་ཕྱིན་རྗེས་གཞི་རིམ་དུ་གཞི་ཚུགས་ནས་དཔེ་ཁྲིད་མི་སྐྱོང་གི་ཆོད་སེམས་བརྟན་པོ་མཚོན་པར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།