ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་ཡིས་ཟླ1པོ་ནས7པའི་བར་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་དུས་མཉམ་ལས90%ལྷག་འཕར་བར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་རྒྱུན་ལྡན་བརྡ་གཏོང་ཚོགས་འདུ་འཚོགས་ཏེ། དཔལ་འབྱོར་བརྟན་བརླིང་གི་སྲིད་ཇུས་ཀྱི་རྒྱུན་མཐུད་སྲིད་ཇུས་དང་བྱེད་ཐབས་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ལི་ཧྥེ་ཡིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་རླངས་འཁོར་དང་ལྷག་པར་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།ཟླ་དང་པོ་ནས་བདུན་པའི་བར་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་དུས་མཉམ་ལས90%ལྷག་འཕར་ནས་ཕྱི་ཕྱོགས་ཚོང་དོན་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།