ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀོང་ཏུང་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀོང་ཏུང་དང་ཧྲིན་ཀྲིན་དུ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་ནུས་ལྡན་བྱེད་པ། རིམས་ནད་སྔོན་འགོག་དང་དཔལ་འབྱོར་བརྟན་གཏོང་། འཕེལ་རྒྱས་བདེ་འཇགས་ཡོང་བར་བྱེད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། དཔལ་འབྱོར་སླར་གསོ་ཡོང་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བར་བྱ་རྒྱུ་སྔར་ལས་མངོན་གསལ་དོད་པའི་གོ་གནས་སུ་འཇོག་པ། ལས་ཞུགས་ཇེ་བརྟན་དུ་བཏང་ནས་དམངས་འཚོར་འགན་ལེན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་གསོན་ཤུགས་རྒྱས་པར་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། ཀོང་ཏུང་དང་ཧྲིན་ཀྲིན་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་གྲལ་ཡིན་ཞིང་། ས་ཆ་འདི་གཉིས་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། ཀོང་ཏུང་ནི་དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཨང་དང་པོ་ཡིན་པ་དང་། ཧྲིན་ཀྲིན་ནི་རྒྱལ་སྤྱི་ཅན་ལ་ཁ་ཕྱོགས་པའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད་པས། བཅོས་སྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་ནུས་པ་དང་དཔལ་འབྱོར་གྱི་འདེགས་སྐྱོར་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཡོངས་འཕེལ་རྒྱས་ཡོང་བར་སྔར་ལས་ལེགས་སྐྱེས་གང་ཡོད་འབུལ་དགོས་ཞེས་བསྟན།

ལིས་ཁི་ཆང་གིས་ལས་སྐྲུན་གསར་གཏོད་ཀྱིས་ལས་རིགས་ཀུན་གྱི་སྔོན་མ་བྱེད་ཕོད་དགོས་ཤིང་། ང་རྒྱལ་དང་འཚབ་འཚུབ་ཀྱི་བློ་སྣ་ཅི་རིགས་རིང་དུ་སྤངས་ནས། གོམ་པ་རེ་རེ་བཞིན་བརྟན་པོའི་ངང་མདུན་དུ་སྐྱོད་དགོས།  གཉིས་སྐྲུན་ལས་སྟེགས་སྔར་ལས་གང་མང་བསྐྲུན་ནས། མི་སྔར་ལས་གང་མང་ཞིག་ལ་ལས་སྐྲུན་གསར་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཚྭ་ཞིང་གྲུ་ཁ་ནི་ཧྭ་ནན་ས་ཁུལ་གྱི་གྲུ་ཁ་གལ་ཆེན་ཞིག་ཡིན་ལ། དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཁ་ཕྱོགས་པའི་ཕྱིར་གཏོང་ནང་འདྲེན་གྱིས་བསྡུར་ཚད་ངེས་ཅན་ཟིན་ཡོད་པས། གྲུ་ཁའི་གཅིག་སྡུད་རང་བཞིན་དང་དངོས་ཟོག་སྐྱེལ་འདྲེན། ཕན་འབྲས་ཆེ་བའི་འཁོར་སྐྱོད་བཅས་མུ་མཐུད་རྒྱུན་འཁྱོངས་བྱས་ནས། ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་བྱེད་དགོས། ས་ཆ་འདི་ནི་སྔོན་ཆད་ཚྭ་ཞིང་ཡིན་ཞིང་། ད་ལྟ་དངུལ་ཞིང་དུ་གྱུར་ཡོད་ལ། ཆུ་ཚད་སྔར་ལས་མཐོ་བའི་རྒྱལ་སྤྱིའི་གྲུ་ཁ་གཙོ་བོ་བསྐྲུན་ནས་གསེར་ཞིང་དུ་འགྱུར་བར་འབད་བརྩོན་གང་ལེགས་བྱེད་དགོས་ཟེར། ལིས་ཁི་ཆང་གིས་མུ་མཐུད་དུ་བཤད་རྒྱུར། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ང་ཚོས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་སྔར་ལས་ལེགས་པའི་སྒོ་ནས་བེད་སྤྱོད་བྱེད་རྒྱུ་དང་། དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བ་བཅས་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཁེ་ལས་འཕེལ་རྒྱས་ཀྱིས་ལས་ཞུགས་ལས་སྐྲུན་བྱས་ཏེ་ཁེ་ལས་སྟོབས་ལྡན་དུ་བསྒྱུར་དགོས་པ་དང་། རྒྱལ་ཁབ་ཀྱིས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས། ཕྱི་ཕྱོགས་ཁེ་ལས། མ་རྩ་མཉམ་འཇོག་ཁེ་ལས་སོགས་ཀྱི་རིགས་སོ་སོའི་ཁེ་ལས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐད་ནས་ལྟ་སྟངས་གཅིག་མཚུངས་འཛིན་གྱིན་ཡོད་ཟེར།

ལིས་ཁི་ཆང་གིས་ཀོང་ཏུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད་ཟེར།

ཞའོ་ཅེ་ཡིས་རྟོག་ཞིབ་བྱེད་རོགས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།