ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོགས་འདུའི་བགྲོ་གླེང་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས17ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི2022ལོའི་ལོ་འཁོར་གྱི་ཀྲུའུ་ཞི་ཚོགས་འདུའི་ཁོངས་མིའི་བགྲོ་གླེང་གྲོས་ཚོགས་པེ་ཅིང་དུ་འཚོགས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་དུ་ལེན་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་ལྟ་བའི”རྟོག་ཞིབ་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལག་ལེན་དང་རིག་པའི་གཞུང་ལུགས། ལམ་ལུགས་བཅས་ཀྱི་གསར་གཏོད་གྲུབ་འབྲས་ལ་ཕྱོགས་སྡོམ་བྱེད་པའི་སྐོར་ནས་བགྲོ་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་གནང་བ་མ་ཟད་གསུང་བཤད་གནང་།

པར་འདི་ནི་ཟླ8པའི་ཚེས17ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི2022ལོའི་ལོ་འཁོར་གྱི་ཀྲུའུ་ཞི་ཚོགས་འདུའི་ཁོངས་མིའི་བགྲོ་གླེང་གྲོས་ཚོགས་པེ་ཅིང་དུ་འཚོགས་ཤིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་གནང་བཞིན་པའི་རྣམ་པ་རེད།

ཚང་མས“ཕྱིར་མིག་བལྟ་བའི”ལས་དོན་སྤེལ་བ་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཀའི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་། ཧེ་བག་དང་མི་འདང་ས་འཚོལ་ཞིབ་བྱེད་པ། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སྔར་ལས་དོན་འཁྱོལ་དང་ཕན་ནུས་ཐོན་པར་སྐུལ་འདེད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མུ་མཐུད་ནས་མི་དམངས་སྲིད་གྲོས་ཀྱི་ལག་ལེན་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་པ། ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ། ལས་ཀའི་ལམ་སྲོལ་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་གཏོང་བ། ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ། ཆ་འཕྲིན་ཅན་ལ་བརྟེན་ནས་འགན་འཁྲི་སྒྲུབ་པའི་ཕན་འབྲས་མངོན་མཚོན་བཅས་བྱས་ནས་རྒྱལ་ཁབ་ལ་ཞབས་ཞུ་དང་དེང་རབས་ཅན་ལ་བཅོས་སྐྱོང་བྱེད་པ། ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་ཀྱི་ཐད་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པར་འདོད།

ཚང་མས་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་འཛུགས་པར་དམིགས་ཏེ་མི་དམངས་སྲིད་གྲོས་ཀྱི་ལག་ལེན་དང་རིག་པའི་གཞུང་ལུགས། ལམ་ལུགས་བཅས་ཀྱི་གསར་གཏོད་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་བྱེད་པ་དང་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་རྒྱུ་ནི“ཕྱིར་མིག་ལྟ་བའི”ལས་དོན་ཡག་པོ་བསྒྲུབ་པའི་འགག་རྩ་ཡིན་པ་རེད། ཞན་ཆ་ཁ་གསབ་དང་སྐྱོན་ཆ་སེལ་བ། ལེགས་ཆ་དར་སྤེལ། ཐུན་མོང་གི་ངོས་འཛིན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། གྲོས་མོལ་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་ཆགས་པ། ཐུན་མོང་གི་ངོས་འཛིན་ལ་བརྟེན་ནས་མཐུན་སྒྲིལ་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་འདི་ཉིད་ཏང་གིས་ལས་དོན་ཁག་ལ་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་པའི་འཐབ་ས་གལ་ཆེན་དང་ཏང་གི་རིག་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་བརྟེན་ནས། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཐུན་སྒྲིལ་སློབ་གསོ་དང་ཁྲིད་སྟོན་བྱེད་པའི་སྟེགས་བུ་གལ་ཆེན་དང་། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྟེང་འགལ་ཟླ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་བྱེད་པའི་ཐབས་ལམ་གལ་ཆེན་དུ་གཏོང་བར་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང“ཕྱིར་མིག་ལྟ་བའི”གྲུབ་འབྲས་ཁག་གང་ལེགས་སྒོས་བེད་སྤྱོད་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བླང་བྱ་ལག་བསྟར་བྱེད་པ། ཆེད་དོན་གྲོས་མོལ་གྱི་སྒྲིག་གཞིའི་ལས་སྟེགས་དང་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་གྲོས་ཀྱི་ལས་སྟེགས་གཏོད་པའི་ནུས་པ་དང་ཨུ་ཡོན་གྱི་གྲོས་མོལ་ནུས་པ་ཆེ་རུ་གཏོང་བ། འདྲ་མཉམ་སྤེལ་རེས་དང་དམངས་གཙོའི་གྲོས་མོལ་གྱི་རྣམ་པ་བཟང་པོ་གཏོད་པ། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་དྲིལ་སྒྲོག་འཆད་འགྲེལ་ལ་ཤུགས་སྣོན་པ། ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་འཛུགས་སྐྱོང་དེ་གཏིང་ཟབ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་སྔར་ལས་ལེགས་སྐྱེས་ཆེན་པོ་འབུལ་དགོས་པར་འདོད།

ཀྲུའུ་ཞི་གྲོས་ཚོགས་ཀྱི་ཁོངས་མིའི་བགྲོ་གླེང་གྲོས་ཚོགས་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ལམ་ལུགས་རང་བཞིན་གྱི་གསར་གཏོད་ལས་དོན་ཞིག་ཡིན། ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་སྐོང་ཚོགས་བྱས་པའི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་རེད། ཚང་མས་བགྲོ་གླེང་ནི་ལས་དོན་འཆར་འགོད་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། དངོས་སྒྲུབ་ལ་མཐོང་ཆེན་དང་ལས་དོན་ལ་བགྲོ་གླེང་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་ཡིན་པས་མི་དམངས་སྲིད་གྲོས་ཀྱི་མཐུན་སྒྲིལ་དམངས་གཙོ་དང་འདྲ་མཉམ་གྲོས་བསྡུར་གྱི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་མངོན་ཐུབ་པས་སྔར་ལས་ཕྱོགས་སྡོམ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པར་འདོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པའོ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། མཱ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིན། ཞ་པའོ་ལུང་། ལི་པིན། པ་ཐེ་ཨར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲེང་ཅན་པང་། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།