ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས2022ལོའི“གཟི་བརྗིད་ལྡན་པའི་སྨན་པའི”སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་རླབས་ཆེན་གྱི་རིམས་ནད་འགོག་བཅོས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། རྒྱ་ཆེའི་སྨན་བཅོས་འཕྲོད་བསྟེན་ལས་དོན་པས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་གི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་ལྕག་བྱས་ནས། ཐེངས་ལྔ་བའི“ཀྲུང་གོའི་སྨན་པའི་དུས་ཆེན”ཐོན་ལ་ཉེ་དུས། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཡོངས་ལ2022ལོའི“གཟི་བརྗིད་ལྡན་པའི་སྨན་པའི”སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས། 

ཏིང་རེན་ཡུས་དང་མ་ཝུན་དབྱི། ཞུས་རུན་སན། སུན་ཉིང་། ཀྲང་ཅིན། ཀྲོའུ་ཞིང་ཐའོ། ཧུའུ་མིན་ཧྭ། ཀའོ་ཆི། ཀོའོ་ཞང་ཏུང་། ཕན་ཧྥེང་སོགས་མི་སྒེར10དང་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་བཀོད་གཏོང་ཆེད་མཁས་ཅན་རུ་ཁག་གཟི་བརྗིད་ངང་བདམས་ཐོན་བྱུང་། ཁོང་ཚོའི་ཁྲོད་ཀྱི་ལ་ལ་ཞིག་གིས་དཀའ་སྤྱད་འབད་བརྩོན་བརྒྱུད་དེ་ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་ལ་ཚེ་གང་གི་བྱས་རྗེས་བཞག ལ་ལས་ཐེངས་དུ་མར་རིམས་ནད་འགོག་རྒོལ་གྱི་ལས་ཡུལ་དང་པོར་འབད་འཐབ་བྱས། ལ་ལས་བློ་སེམས་རྩེ་གཅིག་གིས་རིམས་ནད་མེད་པར་གཏོང་བར་བྱས་རྗེས་གལ་ཆེན་བཞག ལ་ལས་དཀའ་ཁག་ལ་མ་འཛེམ་པར་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མིག་དབང་བདེ་ཐང་ལ་སྲུང་སྐྱོང་བྱས།  ལ་ལས་མཐའ་མཚམས་སུ་གཞི་བཙུགས་ཏེ་ས་མཐོའི་གྲོང་ཚོ་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་སོགས་བྱས་ཏེ། མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་ལ་བརྩི་བཀུར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། བདེ་ཐང་ཀྲུང་གོའི་འཛུགས་སྐྱོང་ནང་ཧུར་ཐག་གིས་ཞུགས་ནས་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ། ཏང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་མགོ་ཁྲིད་བྱེད་པའི་འབད་འཐབ་ལོ་རྒྱུས་དང་འོད་སྟོང་འབར་བའི་གྲུབ་འབྲས་གསོན་ཉམས་ལྡན་པར་བྱས་པ་དང་། “ཚེ་སྲོག་ལ་བཀུར་བ་དང་། སྲོག་སྐྱོབ་རྨས་སྐྱོར། བྱས་རྗེས་འཇོག་ཕོད་པ། གཅེས་སེམས་འབུལ་བ”བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་དུ་བཏང་། 

སྨན་བཅོས་འཕྲོད་བསྟེན་ལས་དོན་པ་མང་པོ་ཞིག་གིས“གཟི་བརྗིད་ལྡན་པའི་སྨན་པ”མིག་དཔེར་བཟུང་སྟེ། སྨན་པའི་ཀུན་སྤྱོད་བཟང་པོ་བསྲུང་ནས་སྨན་བཅོས་ཀྱི་ཐབས་ལམ་བཟང་པོ་བརྩི་སྲུང་བྱེད་པ་དང་། ལས་སྒོའི་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་སུ་གཏོང་བ། འགན་འཁྲི་ཏན་ཏིག་གིས་འཁུར་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་དེ་ལས་སྤུས་ལེགས་དང་ཕན་འབྲས་ཆེ་བའི་བདེ་ཐང་ཞབས་ཞུ་ཧུར་ཐག་གིས་མཁོ་འདོན་བྱས་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།