ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་བརྙན་རིས་བརྒྱུད་དེ་ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རི་ནེ་ཝ་རུ་སྡོད་པའི་གཞུང་ཚབ་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་ཡིས་ཚེས་བཅོ་ལྔ་ཉིན་བརྙན་རིས་བརྒྱུད་དེ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རི་ནེ་ཝ་རུ་སྡོད་པའི་གཞུང་ཚབ་པར་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་དང་མཐུན་སྒྲིལ་རོགས་ལས་བྱེད་འདོད་ཡོད་ཅིང་། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདེམ་ཤོག་དེ་འདས་མ་ད་གསུམ་གང་ཡིན་ཡང་དུས་གཏན་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་དབང་བ་དང་། མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཆེད་དུ་དྲང་བདེན་སྐྱོང་ངེས་ཡིན་ཟེར། 

ཝང་དབྱི་ཡིས་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་འཕེལ་རྒྱས་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་། སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་སྟེ་རྒྱལ་ཁབ་སོ་སོའི་བར་འགྲོ་མིའི་ཐོབ་ཐང་གི་བརྗེ་རེས་དང་མཉམ་ལས་སྤེལ་ཏེ། ཕན་ཚུན་མིག་དཔེར་འཛིན་པ་དང་མཉམ་དུ་གོང་འཕེལ་བརྩོན་ལེན་བྱེད་འདོད་ཡོད་ཟེར། 

གཞུང་ཚབ་པ་དག་གིས་བསྟན་དོན། ཐེ་ཝན་དང་ཞིན་ཅང་གང་ཡིན་ཡང་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཡིན་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་། འགྲོ་མིའི་ཐོབ་ཐང་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་མི་རུང་ལ། ཀྲུང་གོའི་ལུགས་མཐུན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་ཐབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།