ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བརྒྱད་པའི་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན།  ཟླ་བརྒྱད་པའི་ཚེས་དྲུག་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ།  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སུམ་བརྒྱ་དགུ་བཅུ་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་ང་གསུམ་ཡོད་ལ། རང་ས་གནས་ཀྱི་ནད་པ་སུམ་བརྒྱ་སོ་བདུན་ཡོད། ནད་རྟགས་མི་མངོན་པའི་ནད་པ་བཞི་བརྒྱ་དོན་བརྒྱད་ཡོད་ཅིང་། དེའི་ཁྲོད་ཕྱི་ནས་མཆེད་པའི་ནད་པ་དོན་དགུ་ཡོད་ལ། རང་ས་གནས་ཀྱི་ནད་པ་སུམ་བརྒྱ་གོ་དགུ་ཡོད། ཟླ་བརྒྱད་པའི་ཚེས་དྲུག་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ད་ཡོད་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་དགུ་ཡོད། ཟླ་བརྒྱད་པའི་ཚེས་དྲུག་ཉིན་བར་དུ། ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་མི་ཐེངས་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་བྱེ་བ་གཉིས་ས་ཡ་ལྔ་འབུམ་བརྒྱད་ཁྲི་བཞི་སྟོང་གསུམ་ལ་བརྒྱབ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།