ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཡང་ནས་བསྐྱར་དུ་བེད་སྤྱོད་བྱ་ཆོག་པའི་ཚོད་ལྟའི་མཁའ་བསྐྱོད་ཡོ་བྱད་ཤིག་འཕེན་གཏོང་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་ལྟར་ན། 2022ལོའི་ཟླ8པའི་ཚེས5ཉིན། རང་རྒྱལ་གྱིས་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པའིFཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཡང་ནས་བསྐྱར་དུ་བེད་སྤྱོད་བྱ་ཆོག་པའི་ཚོད་ལྟའི་མཁའ་བསྐྱོད་ཡོ་བྱད་ཤིག་འཕེན་གཏོང་ལེགས་འགྲུབ་བྱུང་ཞིང་། འདི་ནི་རྒྱང་སྐྱོད་ཨང་གཉིས་པའིFཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་ཐེངས18པ་རེད། 

ཚོད་ལྟའི་མཁའ་བསྐྱོད་ཡོ་བྱད་འདི་འཁོར་ལམ་ནས་དུས་ཚོད་ངེས་ཅན་ཤིག་ལ་འཕུར་བསྐྱོད་བྱས་རྗེས། རྒྱལ་ནང་དུ་སྔོན་ལ་གཏན་ཁེལ་བྱས་པའི་འབབ་ཚིགས་ར་བ་རུ་ཕྱིར་ལོག་རྒྱུ་དང་། འཕུར་སྐྱོད་བྱེད་པའི་རིང་། འཆར་གཞི་ལྟར་ཡང་ནས་བསྐྱར་དུ་བེད་སྤྱོད་བྱ་རྒྱུ་དང་འཁོར་ལམ་ནས་ལག་རྩལ་ཞིབ་བཤེར་གྱི་ཞབས་འདེགས་ཞུས་ནས། ཞི་བདེ་ངང་བར་སྣང་བེད་སྤྱོད་བྱེད་པའི་ལག་རྩལ་འདོན་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།