ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ནུས་རྒྱུའི་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། གློག་ཤུགས་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ《2022ལོའི་ཀྲུང་གོའི་ནུས་རྒྱུ་འཕེལ་རྒྱས་ཀྱི་སྙན་ཞུ།》དང《2022ལོའི་ཀྲུང་གོའི་གློག་ཤུགས་འཕེལ་རྒྱས་ཀྱི་སྙན་ཞུ།》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་རང་རྒྱལ་གྱི་ནུས་རྒྱུའི་ལྗང་མདོག་དང་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། 2021ལོར་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་གྲུབ་ཆ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། དག་གཙང་ནུས་རྒྱུ་ཐོན་སྐྱེད་ཀྱི་བསྡུར་ཚད་ན་ནིང་ལས་བརྒྱ་ཆའི་གྲངས0.8མཐོ་རུ་ཕྱིན་ལ། དག་གཙང་ནུས་རྒྱུའི་འཛད་སྤྱོད་ཀྱི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.2མཐོ་རུ་ཕྱིན་པར་བསྟན་ཡོད།

སྙན་ཞུ་ནང་། རང་རྒྱལ་གྱི་སླར་སྐྱེས་ནུས་ཁུངས་ཀྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་དུ། རང་རྒྱལ་གྱི་ནུས་རྒྱུ་གསར་པར་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་དང་གློག་འདོན་ཚད་ཀྱི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ལ། གློག་གཏོང་འཕྲུལ་འཁོར་ནས་གློག་འདོན་པའི་བསྡུར་ཚད14%ནས26%ཡས་མས་སུ་ཇེ་མཐོར་སོང་ཡོད་པ་དང་། གློག་གཏོང་ཚད་ཀྱི་བསྡུར་ཚད5%ནས12%བར་འཕར་ཡོད། 2021ལོར་རང་རྒྱལ་གྱི་རླུང་གློག་དང་ཉི་ནུས་གློག་གཏོང་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་3ལྷག་ཟིན་པ་དང་། མཚོ་ཐོག་རླུང་གློག་གི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཤིང་། བྱེ་ཐང་དང་མྱ་ངམ་ཐང་། ཐང་རྒོད་བཅས་ས་ཁུལ་གྱི་རླུང་གློག་གི་གློག་གཏོང་རྟེན་གཞི་ཆེ་གྲས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།