ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཨ་རིའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཕེ་ལོ་ཞི་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པའི་གནས་ཚུལ་སྐོར་གྱི་གསལ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་གཉིས་ཉིན། རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཨ་རིའི་རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་གི་གྲོས་དཔོན་ཕེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པའི་གནས་ཚུལ་སྐོར་གྱི་གསལ་བསྒྲགས་གཤམ་གསལ་ལྟར།

ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཨ་རིའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཕེ་ལོ་ཞི་ཡིས་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ལ་མི་འཛེམ་པར། ཀྲུང་གོའི་ཐེ་ཝན་ས་ཁུལ་ལ་གཡོ་བཅར་བྱས། བྱ་སྤྱོད་འདིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འཁེལ་ལ་རྒྱབ་འགལ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཆབ་སྲིད་རྨང་གཞི་ལ་གཏོར་བརླག་ཚབས་ཆེན་བཟོས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་ལ། དེ་ནི་ཀྲུང་གོ་ཕྱོགས་ཀྱི་ཆབ་སྲིད་ཀྱི་སྙད་རྐོ་གལ་ཆེན་ཞིག་ཡིན།

ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་གྱིས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་། སྐྱོན་བརྗོད་དྲག་པོ་བྱེད་ཀྱིན་ཡོད།

འཛམ་གླིང་ན་ཀྲུང་གོ་གཅིག་མ་གཏོགས་མེད། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཁག་ཅིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོའི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་དེ་ཡིན། ཐེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན། ང་ཚོས་མཐའ་གཅིག་ཏུ་ཀྲུང་གོ་ཁ་བྲལ་དུ་གཏོང་བའི་ལྐོག་ཇུས་དང་འགུལ་བསྐྱོད་ལ་ངོ་རྒོལ་བྱེད་ཀྱིན་ཡོད་ལ། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ཞི་བདེ་གཅིག་གྱུར་གྱི་བགྲོད་ལམ་ལ་འདྲེ་ལག་བསྲིང་བར་ངོ་རྒོལ་བྱེད་ཀྱིན་ཡོད། རྒྱལ་ཁབ་གང་ཞིག་གིས་ཐབས་ལམ་ཅི་ཞིག་སྤྱད་ནས་ཐེ་ཝན་གྱི་གནད་དོན་ཁྲོད་དུ་ལག་བསྲིང་ན་གཏན་ནས་མི་ཆོག   ཀྲུང་གོ་ངེས་པར་གཅིག་གྱུར་བྱ་དགོས་ལ། བྱ་ངེས་ཀྱང་ཡིན།  འདི་ནི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་རེད། མི་སུས་ཀྱང་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་དང་། འདོད་བློ་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་མཐོང་ཆུང་བྱེད་མི་ཆོག

ཐེ་ཝན་གྱི་གནད་དོན་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་ཀྱི་ཆེས་གལ་ཆེ་བ་དང་། ཆེས་ཚོར་སྐྱེན་གྱི་སྲོག་ཤིང་གནད་དོན་ཞིག་ཡིན། སྐབས་འདིའི་ཨ་རིའི་སྲིད་གཞུང་གིས་ཐེངས་མང་པོར་ཐེ་ཝན་གྱི་གནད་དོན་ཐད་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ལ། “ཐེ་ཝན་རང་བཙན་”གྱི་ཁས་ལེན་ལ་རྒྱབ་སྐྱོར་མི་བྱེད་པ་རྒྱུན་འཁྱོངས་བྱས་ཡོད་མོད། ཉེ་དུས་ཨ་རི་ཕྱོགས་ཀྱི་གཏམ་སྤྱོད་ཁ་ཤས་གནས་ལུགས་དང་རྒྱབ་འགལ་དུ་འགྲོ་བཞིན་ཡོད། ང་ཚོས་ཨ་རི་ཕྱོགས་ཀྱིས་རང་གི་ཁས་ལེན་གྱི་ཚིག་ཐོག་ནས་བསྡད་དེ། ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་རྣམ་པ་གང་རུང་སྤྱད་ནས་དཔོན་ཕྱོགས་ཀྱི་འགྲོ་འོང་མི་བྱེད་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་ནས། “ཐེ་ཝན་རང་བཙན་”གྱི་ཁ་བྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་མི་སྟེར་བ། ཉེན་ཁའི་བགྲོད་ལམ་གྱི་སྟེང་ནས་མུ་མཐུད་དུ་གོམ་པ་སྤོ་མཚམས་འཇོག་པའི་ཁ་ལ་བྱས་པ་ཡིན། ལོ་རྒྱུས་ལྡོག་བཞུད་ཀྱི་ཆེད་དུ་འགུལ་བསྐྱོད་སྤེལ་བ་དང་། ཐེ་ཝན་གྱི་གནད་དོན་ལ་བརྟེན་ནས་ཟིང་ཆ་བཟོ་འདོད་པ། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་གཏོང་འདོད་ཀྱི་བྱ་སྤྱོད་དག་ནི་ལེགས་འགྲུབ་གཏན་ནས་འབྱུང་ཐབས་མེད་པ་དང་། དོན་དག་ཡོད་ཚད་ཀྱི་འགན་རང་གིས་འཁུར་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།