ཀྲུང་གོ་བོད་ཀྱི་དྲ་བ།

ནུས་རྒྱུ་གསར་པའི་རླངས་འཁོར་མུ་མཐུད་དུ་ཇེ་མང་དུ་འགྲོ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་ཆ་མང་པོར་པྲོག་གསར་གློ་ཚད་ནད་ཡམས་བྱུང་བ་དང་རྒྱུ་ཆའི་རིན་གོང་ཆེས་ཆེར་འཕར་བའི་དབང་གིས། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་སོ་སོར་ཁྲི266.1དང་ཁྲི260ལེགས་གྲུབ་ཟིན་པ་དེ་དུས་མཉམ་ལས་ལྡབ1.2འཕར་ནས། ཁྲོམ་རའི་བདག་བཟུང་བྱེད་ཚད21.6%ཟིན་ཡོད།

རྒྱལ་ཁབ་ཀྱིས་རླངས་འཁོར་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་སྲིད་ཇུས་སྔ་རྗེས་སུ་བཏོན་པ་དང་བསྟུན་ནས། ཉོ་སྒྲུབ་ཚོད་འཛིན་བྱེད་པའི་ས་ཁུལ་དུ་རླངས་འཁོར་གྱི་དམིགས་ཚད་གྲངས་འབོར་ཇེ་མང་དུ་གཏོང་བ་དང་རླངས་འཁོར་ཉོ་སྒྲུབ་ཀྱི་ཐོབ་ཐང་ཚོད་འཛིན་ཇེ་ཡངས་སུ་གཏོང་བ། དེ་བཞིན་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་སླར་གསོ་བྱུང་བ་བཅས་ཀྱི་ཐོག་ནས། ལོ་སྨད་དུ་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་རེད། ཀྲུང་གོའི་རླངས་འཁོར་མཐུན་ཚོགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ལོ་ཧྲིལ་པོར་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཁྲི550དང་དུས་མཉམ་ལས56%ཡན་འཕར་བའི་རེ་བ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།