ཀྲུང་གོ་བོད་ཀྱི་དྲ་བ།

ཡུག་ཆོན་གྱིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ཏང་ཕྱིའི་མི་སྣར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་ཏང་ཕྱིའི་མི་སྣར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བསྒྲགས།

ཡུག་ཆོན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་བཏོན་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་འདིར།  ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་བསྡུས་པར། དར་ཆ་མཐོན་པོར་བསྒྲེངས་བ་དང་ཁ་ཕྱོགས་གཏན་འཁེལ་བྱས་པ། སྔ་རྗེས་རྒྱུན་མཐུད་དང་སྔ་འཛིན་ཕྱི་གཏོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་གྱིས། མར་ཁེ་སི་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱས་ཡོད་ཅིང་། དེ་ནི་ཐེངས་འདིའི་ཚོགས་འདུའི་སྟེང་བྱུང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་ཧུར་ཐག་གིས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱས་ནས། ཚོགས་འདུའི་དགོངས་དོན་འདི་ཉིད་བརྗོད་དོན་སློབ་སྦྱོང་སློབ་གསོ་དང་ཕུགས་བསམ་དད་སེམས་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱ་ཡུལ་མང་ཚོགས་ལ་ཁྲིད་སྟོན་གང་ལེགས་བྱས་ནས། གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པར་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རང་འགན་གཙང་སྒྲུབ་དང་ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་ཏུ་གཏོང་བ། ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།