ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ལོ་སྟོད་དུ་དྲ་ཚིགས་ལས་སྟེགས3491ལ་དྲ་རྒྱའི་ཆ་འཕྲིན་སྡེ་ཚན་གྱིས་ཁ་ཆད་གྲོས་མོལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ7པའི་ཚེས31ཉིན་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་ནས་ཤེས་གསལ་ལྟར་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་དྲ་འཕྲིན་མ་ལག་གིས་དྲ་རྒྱའི་ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བ་དང་དྲ་རྒྱའི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། རིམ་རྩིས་བྱས་ན་དྲ་ཚིགས་ལས་སྟེགས3491ལ་ཁྲིམས་ལྟར་ཁ་ཆད་གྲོས་མོལ་བྱས་པ་དང་། དྲ་ཚིགས3052ལ་ཐ་ཚིག་བསྒྲགས་ཤིང་། ལས་སྟེགས283ལ་དངུལ་ཆད་བཅད། གནས་སྐབས་བྱེད་ནུས་མཚམས་འཇོག་བྱས་པའམ་ཡང་ན་གསར་སྒྱུར་བྱས་པ་ལས་སྟེགས419ཡོད་ལ། སྒུལ་བདེའི་ཉེར་སྤྱོད་བྱ་རིམ་ཁག177མེད་པ་བཟོས་པ་དང། གློག་འཕྲིན་གཙོ་གཉེར་སྡེ་ཚན་དང་མཉམ་དུ་ཁྲིམས་འགལ་དྲ་ཚིགས་ཀྱི་ཆོག་འཐུས་ཐོ་འགོད་སྙན་ཞུ་དང་ཁྲིམས་འགལ་དྲ་ཚིགས12292མེད་པར་བཟོས་པ་རེད།

རིམ་པ་སོ་སོའི་དྲ་འཕྲིན་སྡེ་ཁག་གིས“དྭངས་གཙང”དྲ་རྒྱའི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས། དྲ་རྒྱའི་ཐད་གཏོང་དང་བརྙན་ཐུང་ཁྱབ་ཁོངས་ཀྱི་ཟང་ཟིང་གནས་ཚུལ་གཅིག་སྡུད་ཐོག་བཅོས་སྒྲིག་དང་དྲ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་། བརྩི་སྟངས་བྱུང་རྒྱལ་དུ་སྤྱོད་པ་བཅོས་སྐྱོང་། ཉེར་སྤྱོད་གོ་རིམ་གྱི་ཆ་འཕྲིན་ཞབས་ཞུ་གང་བྱུང་དུ་སྤྱོད་པ་བཅོས་སྒྲིག བརྒྱུད་གཏོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་རིགས་སོ་སོའི་ཁྲིམས་འགལ་སྒྲིག་འགལ་དང་གནོད་འཚེ་ཡོད་པའི་ཆ་འཕྲིན་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོ་བའི་ལས་སྟེགས་དང་རྩིས་ཨང་བཅས་ཁག་གཅིག་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པ་རེད། “ལུའེ་ཏ་ནོར་སྲིད་དཔལ་འབྱོར་དྲ་བ”དང“ལུས་རྩལ་གྱི་ཚོང་དོན་ཆེན་མོ”། “དགོད་བྲོའི་གསར་འགྱུར”། “ཕུའུ་ཅང་རྒྱུ་ནོར”སོགས་སྒྲིག་འགལ་ངང་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུ་གཉེར་མཁན་གྱི་དྲ་ཚིགས་དང་རྩིས་ཨང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས། མི་སྣ་གྲགས་ཅན་གྱི་མིང་ཐོ་བཟོས་ནས་འདེམས་ཤོག་འཕེན་པའི་ཐོ་འགོད་བྱེད་པ་དང་མ་དངུལ་གྲབས་གསོག་བྱེད་དགོས་པའི་ལེ་ཚན་འདོན་པ། དྲ་གྲོགས་ལ་གཡོ་སྐུལ་བྱས་ནས་གཞི་གྲངས་བཟོ་བ་སོགས་དྲ་རྒྱའི་སྐྱེ་ཁམས་གནད་དོན་ལ་གཏོར་བཤིག་ཚབས་ཆེན་གཏོང་མཁན་གྱི“སྲན་མར་དགའ་མཁན”དང“སྐར་མ”“སྐར་གྲོགས”སོགས་སྒུལ་བདེའི་མཉེན་ཆས་བྱ་རིམ་ཞིབ་བཤེར་ཐག་གཅོད་བྱས།

ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་རིམ་པ་སོ་སོའི་དྲ་སྦྲེལ་ཆ་འཕྲིན་སྡེ་ཚན་ལ་ཁྲིམས་འཛིན་གྱི་ཁ་ཆད་གྲོས་མོལ་དང་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་གཏོང་བ། རྩིས་ཐོའི་ཨང་གྲངས་ཐག་གཅོད་བྱེད་པ། སྒུལ་བདེའི་ཉེར་སྤྱོད་བྱ་རིམ་མེད་པར་བཟོ་བ། གནས་སྐབས་དྲ་ཚིགས་ཀྱི་བྱེད་ནུས་མཚམས་འཇོག་པའམ་གསར་སྒྱུར་བྱེད་པ། དྲ་ཚིགས་སྒོ་རྒྱག་པ། དངུལ་ཆད་གཅོད་པ། འགན་འཁུར་བ་ཐག་གཅོད་པ། བརྡ་ཁྱབ་གཏོང་བ་སོགས་ཆད་གཅོད་བྱ་ཐབས་སྣ་ཚོགས་སྤྱད་དེ། དྲ་སྦྲེལ་ཆ་འཕྲིན་གྱི་ནང་དོན་དོ་དམ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལས་ཚབས་ཆེན་འགལ་བའི་དྲ་ཚིགས་ལས་སྟེགས་ལ་ཁྲིམས་ལྟར་ཆད་པ་ནན་མོ་བཅད་ཡོད།

གཞན་ཡང་། ལག་རྩལ་གསར་པ་དང་ཉེར་སྤྱོད་བྱ་རིམ་གསར་བའི་བདེ་འཇགས་དཔྱད་དཔོག་ལས་དོན་གཏིང་ཟབ་ངང་སྤེལ་བ་དང་བསྟུན་ནས། རིམ་པ་སོ་སོའི་དྲ་རྒྱའི་ཆ་འཕྲིན་སྡེ་ཚན་གྱིས་དྲ་རྒྱའི་བདེ་འཇགས་དང་གཞི་གྲངས་་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ཡོད། “ཞིང་ལས་ཞིང་ཁམས”སོགས་ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་གནད་དོན་བསྡུ་ལེན་བྱེད་པའི་སྒུལ་བདེའི་ཉེར་སྤྱོད་བྱ་རིམ་ཁྲིམས་ལྟར་མཚམས་འཇོག་ཏུ་བཅུག “B612”དང “དབྱི་ཐེན་པར་ལེན”། “རབ་བཏགས་རི་མོའི་ངོ་གདོང”སོགས་ཉེར་སྤྱོད་བྱ་རིམ་ཁྲོད་ཀྱི་ཚོད་སྐོར་མ་བྱས་པར་དྲ་ཐོག་ཏུ་བཏོན་པ་མ་ཟད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་ནུས་པ་ཁག་གཅིག་མཚམས་འཇོག་ཏུ་བཅུག །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།