ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས15པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》བཀོད་ཡོད།

རྩོམ་ཡིག་ནང་བསྟན་དོན། མི་དམངས་དམག་དཔུང་གི་འོད་སྟོང་ལྡན་པའི་ལོ་རྒྱུས་ནི་ཁྲག་དྲོན་གྱི་ཚེ་སྲོག་གིས་བཏོད་པ་ཞིག་ཡིན་པས་ང་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཉམས་མྱོང་ནི་དཀའ་སྤྱད་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས་ང་ཚོས་ནམ་ཡང་དར་སྤེལ་གཏོང་དགོས། མི་དམངས་དམག་དཔུང་གི་ལོ་རྒྱུས་ཀྱི་འཕེལ་རྒྱས་ནི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་ཀྱིས་སྐུལ་འདེད་བཏང་བ་ཞིག་ཡིན་པས་ནམ་ཡང་ང་ཚོར་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་གིན་ཡོད། ཀྲུང་ཧྭ་མི་རིགས་སྡུག་བསྔལ་ལས་སྒྲོལ་བ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་མངོན་འགྱུར་ཡོང་བ་བྱེད་པར། དཔའ་མཛངས་རྟུལ་ཕོད་ཀྱི་མི་དམངས་དམག་དཔུང་ལ་བརྟེན་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་དང་ཀྲུང་གོ་མི་དམངས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་པར་ངེེས་པར་དུ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་དགོས།

རྩོམ་ཡིག་ནང་། 1927ལོའི་ཟླ8པའི་ཚེས1ཉིན་ནན་ཁྲང་གྲོང་ཁྱེར་དུ་མེ་མདའི་སྒྲ་གྲགས་པ་དང་བསྟུན་ནས། རང་རེའི་ཏང་གིས་དྲག་ཆས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ལ་འགོག་རྒོལ་བྱེད་མགོ་ཚུགས་ཡོད། དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་གནང་བའི་མི་དམངས་དམག་དཔུང་གིས་ཀྲུང་གོ་མི་དམངས་ལ་བཅིངས་འགྲོལ་ཐོབ་ཐབས་དང་བདེ་སྐྱིད་ཡོང་ཐབས་བྱེད་པའི་ནང་དཔའ་ངར་ཆེན་པོས་ཞུགས་ཏེ། ཀྲུང་ཧྭ་མི་རིགས་རང་བཙན་དང་བསྐྱར་དར་ཡོང་ཐབས་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད། ལོ་ངོ90ཡི་རིང་མི་དམངས་དམག་དཔུང་གིས་མེ་རྫས་ཀྱི་དུ་ཞག་འཁྲིགས་པའི་དམག་འཐབ་ནང་དཀའ་ངལ་ཁྱད་བསད་ཀྱིས་བློས་གཏོང་ཆེན་པོ་བྱས་པས། འོད་སྟོང་འཕྲོ་བའི་རྒྱལ་ཁ་ཡང་ཡང་བླངས་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་རླབས་ཆེའི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད་པར་བསྟན།

རྩོམ་ཡིག་ནང་བསྟན་དོན། དུས་ཡུན་རིང་པོའི་ལག་ལེན་ཁྲོད་ཏང་གི་དར་ཆའི་འོག་མི་དམངས་དམག་དཔུང་གིས་མདུན་སྐྱོད་བྱས་ནས། དམག་འཛུགས་དམག་སྐྱོང་གི་རྩ་དོན་ཆ་ཚང་ཞིག་ཆགས་ནས་མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་ཕྱིན་པ་དང་། དམིགས་བསལ་གྱི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སྐྱེད་སྲིང་བྱས་ཡོད། མི་དམངས་དམག་དཔུང་ལ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་གནང་བའི་རླབས་ཆེའི་སྟོབས་ཤུགས་དང་ཕུགས་བསམ་དད་སེམས་ཀྱི་རླབས་ཆེའི་སྟོབས་ཤུགས་མངོན་ཡོད་ལ། སྒྱུར་བཅོས་གསར་གཏོད་ཀྱི་རླབས་ཆེའི་སྟོབས་ཤུགས་དང་། དམག་འཐབ་སྙིང་སྟོབས་ཀྱི་རླབས་ཆེའི་སྟོབས་ཤུགས། གསར་བརྗེའི་སྒྲིག་ཁྲིམས་ཀྱི་རླབས་ཆེའི་སྟོབས་ཤུགས། དམག་དམངས་མཐུན་སྒྲིལ་གྱི་རླབས་ཆེའི་སྟོབས་ཤུགས་བཅས་གསལ་པོར་མངོན་ཡོད། ཏང་གིས་མེ་མདར་བཀོད་འདོམས་བྱེད་པ་ནི་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་འགན་ལེན་ཞིག་ཡིན་ཞིང་། དེ་ནི་རང་རེའི་ཏང་གིས་ཁྲག་དྲོན་དང་མེ་ལྕེའི་འཐབ་རྩོད་ཁྲོད་ཐོབ་པའི་གཞོམ་ཞིག་མེད་པའི་བདེན་དོན་ཞིག་ཡིན་པ་དང་། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ནི་མི་དམངས་དམག་དཔུང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་པའི་སྟོབས་ཤུགས་ཡིན། སྒྱུར་བཅོས་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་བྱ་རྒྱུ་ནི་མི་དམངས་དམག་དཔུང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཡིན་ལ། དམག་འཁྲུག་ནི་དངོས་པོའི་འགྲན་བསྡུར་ཙམ་མ་ཟད་སྙིང་སྟོབས་ཀྱི་འགྲན་བསྡུར་ཞིག་ཀྱང་ཡིན། སྒྲིག་ཁྲིམས་རང་བཞིན་ལ་ཤུགས་སྣོན་བརྒྱབ་ན་གསར་བརྗེར་ནམ་ཡང་རྒྱལ་ཁབ་ལེན་ངེས། དམངས་ཀྱི་འདོད་བློ་དང་དམངས་ཀྱི་རེ་གཞག དམངས་ཀྱི་སྟོབས་ཤུགས་མཛོམས་ཚེ། མི་དམངས་དམག་དཔུང་ནི་ནམ་ཡང་རྣམ་པར་རྒྱལ་ཐུབ་ངེས་ལ་འགྲན་ཟླ་དང་བྲལ་བ་ཞིག་ཡིན་ངེས།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་གི་བཀོད་འདོམས་ལ་ཉན་པ་དང་རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱེད་དགོས་པའི་ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་བཏོན་པ་དང་། དུས་དང་བསྟུན་ནས་དམག་དོན་འཐབ་ཇུས་མཛུབ་ཁྲིད་གསར་སྐྲུན་བྱས་ཏེ་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་བཟོས་པས་མི་དམངས་དམག་དཔུང་གི་ཆབ་སྲིད་སྐྱེ་ཁམས་བསྐྱར་འཛུགས་དང་རྩ་འཛུགས་རྣམ་པ་བསྐྱར་འཛུགས། སྟོབས་ཤུགས་མ་ལག་བསྐྱར་འཛུགས།སྤྱོད་ཚུལ་གྱི་གཟུགས་བརྙན་བསྐྱར་སྐྲུན་བཅས་བྱུང་ནས། མི་དམངས་དམག་དཔུང་བསྐྱར་སྒྲིག་ངང་མདུན་སྐྱོད་དང་སླར་ཡང་ཀྲུང་གོའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད། དམག་དཔུང་སྟོབས་ལྡན་གཏོང་བའི་བྱ་གཞག་ལ་སྐུལ་སྤེལ་བཏང་ནས། ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གིས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་མཐའ་འཁྱོངས་དང་མི་དམངས་དམག་དཔུང་ནམ་ཡང་ཏང་གི་རྗེས་སུ་འབྲང་བར་ཁག་ཐེག་བྱེད་དགོས། ཏང་གི་དམག་དོན་མཛུབ་སྟོན་གཞུང་ལུགས་ངེས་པར་དུ་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། མར་ཁེ་སི་རིང་ལུགས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་དང་དེང་རབས་ཀྲུང་གོའི་དམག་དོན་ལག་ལེན་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་གསར་དུ་གཏོད་དགོས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དམག་གྲབས་དམག་རྒྱག་ལ་སྣང་ཆེན་བྱས་ནས་བོས་ན་ཡོང་ཐུབ་པ་དང་ཡོང་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་ཀྱི་དམག་ཧྲག་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ངེས་པར་དུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་བྱས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ངེས་པར་དུ་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས། དམག་དམངས་གཞི་གཅིག་ཏུ་འགྱུར་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་དགོས། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་ཡིད་ཆེས་བྱེད་པ་དང་མི་དམངས་ཀྱིས་བརྩི་བཀུར་བྱེད་པ། མི་དམངས་ཀྱིས་དགའ་ཞེན་བྱེད་པ་བཅས་ཀྱི་དམག་དཔུང་ཞིག་བྱ་དགོས།

རྩོམ་ཡིག་ནང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ལེགས་སྐྱེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་བརྩི་སྲུང་མཁན་བཅས་ཡིན་པ་དང་།ཀྲུང་གོའི་དམག་དཔུང་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བརྟན་པོ་ཞིག་ཡིན། ཀྲུང་གོའི་དམག་དཔུང་གིས་སྔར་བཞིན་རྒྱལ་སྤྱིའི་དམག་དོན་སྤེལ་རེས་མཉམ་ལས་བྱས་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་བདེ་འཇགས་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏོད་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་འཚམ་པའི་འགན་འཁྲི་དང་འོས་འགན་ཧུར་ཐག་གིས་བསྒྲུབས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་ཧུར་ཐག་སྒོས་སྟོབས་ཤུགས་འབུལ་རྒྱུ་ཡིན་པར་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།